འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་26ཉིན།

༄༅༎ཕྱི་འབྲེལ་པུས་ཐེ་རོན་ཕུས“ཀྲུང་གོའི་ནད་དུག”ཅེས་པའི་ཤོད་སྟངས་སླར་ཡང་མི་སྤྱོད་ཅེས་བརྗོད་པར་ལན་སློག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 11:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས“ཀྲུང་གོའི་ནད་དུག”ཅེས་པའི་ཤོད་སྟངས་སླར་ཡང་མི་སྤྱོད་ཅེས་པར་དམིགས་ནས་ཚེས་25ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ནད་དུག་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་པས། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རིམས་ནད་ཀྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་བཅག་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
     ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ནད་དུག་གི་འབྱུང་ཁུངས་གནད་དོན་ཐད་ཀྱི་ལངས་ཕྱོགས་ཐེངས་མང་རྒྱས་བཤད་བྱས་ནས་ཀྲུང་གོར་མིང་ཆད་བཟོ་བའི་གཏམ་བརྗོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུའི་རྣམ་འགྱུར་གསལ་སྟོན་བྱས་ཡོད། ལངས་ཕྱོགས་དེར་འགྱུར་ལྡོག་མེད་ཅེས་བརྗོད་པ་རེད།  
     ཁོང་གིས་ནད་དུག་ལ་རྒྱལ་མཚམས་དང་རིགས་རྒྱུད་ཀྱི་དབྱེ་བ་མེད་པས། མིའི་རིགས་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ན་གཞི་ནས་དེ་ལས་རྣམ་པར་རྒྱལ་ཐུབ། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་དེ་འཛམ་གླིང་ཡོངས་ཀྱི་ས་གནས་མང་པོར་ཐོན་པ་དང་མགྱོགས་མྱུར་མཆེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རིམས་ནད་ཀྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་བཅག་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།