འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་26ཉིན།

༄༅།།འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་འཇར་མན་གྱི་ཧའེ་དབྱིན་སི་པེ་ཀེ་རྫོང་གི་རིམས་འགོག་
ལ་རོགས་རམ་བྱེད་འདོད་ཡོད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཉིན་ཤས་གོང་། འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་འཇར་མན་གྱི་པེ་ལའེ་དབྱིན—ཝུའེ་སི་ཐེ་ཧྥ་ལུན་ཀྲོའུ་ཡི་ཧའེ་དབྱིན་སི་པེ་ཀེ་རྫོང་ལ་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱས་ནས་ཏོག་གསར་གློ་ཚད་རིམས་ནད་ལ་ཐུན་མོང་ཐོག་འགོག་རྒོལ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
    འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་མགྲིན་ཚབ་པས་ཀྲུང་གོས་འཇར་མན་གྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་ལ་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་གྱིས་རིམས་ནད་འགོག་རྒོལ་ལ་འབད་བརྩོན་བྱེད་པར་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་ཀྱི་ཡོད། གལ་ཏེ་འཇར་མན་ཕྱོགས་ལ་དགོས་མཁོ་ཡོད་ཚེ་ཀྲུང་གོ་ཕྱོགས་ཀྱིས་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱེད་འདོད་ཡོད། མིག་སྔར་འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཧའེ་དབྱིན་སི་པེ་ཀེ་རྫོང་དང་འབྲེལ་བ་བྱས་ནས་རིམས་འགོག་དངོས་ཟོག་མཁོ་འདོན་བྱ་རྒྱུའི་ཐད་འབྲེལ་གཏུག་བྱེད་བཞིན་ཡོད་ཅེས་བརྗོད།
    འགོག་སྲུང་དངོས་ཟོག་མི་འདང་བའི་རྐྱེན་གྱིས་རྫོང་དེའི་རྫོང་དཔོན་སི་ཐེ་ཧྥན·ཕུའུ་ཧྲིས་ཉིན་ཤས་གོང་ཀྲུང་གོ་ཕྱོགས་ལ་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོས་རིམས་འགོག་དངོས་ཟོག་མཁོ་འདོན་བྱེད་རྒྱུའི་རེ་བ་བཏོན་པ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་ནད་འགོག་རྒོལ་དང་རིམས་ནད་མཆེད་རྒྱུ་ཚོད་འཛིན་བྱེད་པའི་ཐད་ཉམས་མྱོང་སྤེལ་རེས་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ལིན་ནས་འབྱོར་བའི་གློག་འཕྲིན།