འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་26ཉིན།

༄༅།།མཚོ་སྔོན་གྱིས་སྔོན་བརྡ་དང་ཉེན་བརྡ་དུས་ཐོག་ཏུ་བཏང་ནས་གནམ་གཤིས་ཀྱི་ཞབས་ཞུ་ཡག་པོ་སྒྲུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་25ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱུང་གསལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་རིམ་དང་དཔྱིད་རྨོད་ཐོན་སྐྱེད་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་པས། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་ཁག་གི་གནམ་གཤིས་སྡེ་ཁག་གིས་རིམས་གནད་སྔོན་འགོག་ཚོད་འཛིན་གྱི་གནམ་གཤིས་ཀྱི་འགན་ལེན་ཞབས་ཞུའི་ལས་དོན་དང་དཔྱིད་འདེབས་་རྨོད་གྲབས་ཀྱི་གནམ་གཤིས་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་པ་དང་། དུས་མཚུངས། སྔ་ཙམ་ནས་འབྲུབ་དུས་ཀྱི་གནམ་གཤིས་ཞབས་ཞུའི་གྲ་སྒྲིག་ཁག་ཡག་པོ་བྱས་ཡོད།
   ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔ་ནི་དཔྱིད་འགོའི་དུས་ཡིན་པས། གནམ་གཤིས་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་ཞིང་། གྲང་རླུང་དང་། རླུང་ཆེན། གངས་དང་ཆར་པ་སོགས་ཀྱི་གནམ་གཤིས་ཀྱི་གནོད་འཚེ་ཐོན་མང་བའི་དུས་མཚམས་ཤིག་རེད། མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་གནམ་གཤིས་སྡེ་ཚན་གྱིས་ཐན་པ་ཆེན་པོ་དང་གནོད་འཚེ་ཆེན་པོའི་གནམ་གཤིས་སྔོན་འགོག་བྱ་རྒྱུར་གཞི་ཚུགས་ཏེ། གནམ་གཤིས་ཞབས་ཞུའི་ལས་དོན་ཁག་དོན་འཁྱོལ་བྱེད་པ་དང་། གནོད་འཚེའི་རང་བཞིན་གྱི་གནམ་གཤིས་སྣ་ཚོགས་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་པ་དང་སྔོན་བརྡ་དང་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ཉེན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་དུས་ཚོད་སྔ་སྣུར་གྱི་ཚད་དང་ཁྱབ་སྤེལ་གྱི་གོ་ཆོད་པའི་ཡུན་ཚད་མཐོ་རུ་གཏོང་བ། གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འགོག་སྲུང་འཛིང་རགས་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཡོད་པ་རེད།
   “རིམས་ནད་སྔོན་འགོག་ཚོད་འཛིན་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག དཔྱིད་རྨོད་ཐན་འགོག་སོགས་ལ་སྤུས་ལེགས་ཀྱི་གནམ་གཤིས་འགན་ལེན་ཞབས་ཞུ་མཁོ་འདོན་བྱེད་པ་དང་ཆབས་ཅིག ཞིང་ལས་དང་གྲོང་གསེབ་སྡེ་ཚན་དང་འབྲེལ་གཏུག་མཉམ་ལས་བྱས་ནས་འཕྲལ་སྡོམ་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། དཔྱིད་རྨོད་དཔྱིད་འདེབས་ཀྱི་ཞིང་ལས་ཐད་ཀྱི་གནམ་གཤིས་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། རྣམ་པ་གསར་པའི་ཞིང་ལས་གཉེར་སྐྱོང་གཙོ་གཟུགས་ལ་ཕྱོགས་པའི་ཐད་གཏོང་རྣམ་པའི་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ་ཡིན་”ཞེས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀའོ་ཧྲུན་ཉན་གྱིས་བརྗོད་པ་རེད།