འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་24ཉིན།

༄༅༎ཝུའུ་ཧན་གྱི་སྒོ་རྩིས་ཚོང་ཁང་ཁག་གཅིག་ཚོང་གཉེར་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་24ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཉེ་དུས་ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཝུའུ་ཧན་གྲོང་ཁྱེར་གྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད། ཟླ་3ཚེས་20ཉིན་ཝུའུ་ཧན་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་བརྡ་ཁྱབ་བཏང་དོན། ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའི་འབྲེལ་ཡོད་ལས་དོན་ཚོགས་ཆུང་གི་གཏན་འབེབས་གཞིར་བཟུང་། ཚེས་20ཉིན་ནས་བཟུང་རིམས་ནད་མེད་པའི་ཁུལ་ཆུང་དང་སྡེ་ཁུལ་ནས་ཚད་གཞི་གཞིར་བཟུང་གྲོང་མི་ཕྱིར་གཏོང་རྒྱུ་དང་། ཚོང་ལས་སྒྲིག་ཆས་དང་ཚོང་ལས་དྲ་ཚིགས་གོ་རིམ་ལྡན་པའི་ངང་སྒོ་དབྱེ་རྒྱུ་རེད།
     ཟླ་3ཚེས་22ཉིན་ཝུའུ་ཧན་གྲོང་ཁྱེར་ཧུང་ཧྲན་ཆུས་ཀྲུང་པའེ་ཚང་ཁྲུའུ་ཀོང་ཀུའུ་ཉོ་ཚོང་ཐང་ཆེན་གྱི་སྒོ་རྩིས་ཚོང་ཁང་སྒོ་ཕྱེ་ཡོད་པ་རེད། གྲོང་མིའི་བདེ་ཐང་ལ་འགན་སྲུང་བྱ་ཆེད། སྒོ་རྩིས་ཚོང་ཁང་གིས་ཚོང་ཁང་དུ་འཛུལ་སྐབས་ངེས་པར་དུ་ལྗང་མདོག་བདེ་ཐང་ཨང་རྟགས་སམ་ཡང་ན་སྡེ་ཁུལ་གྱི་བདེ་ཐང་ལག་ཁྱེར་སྟོན་དགོས་པ་མ་ཟད། ཚ་བ་ལྟ་བ་དང་ཉིན་ལྟར་མི་སྣ་ཚོད་འཛིན་སོགས་ཀྱི་བྱེད་ཐབས་སྤྱོད་ཀྱི་ཡོད།