འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་19ཉིན།

༄༅།།ཐོ་ཁེའོ་ཡི་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་ཀྱི་འགོ་འཛུགས་མཛད་སྒོ་སྒོ་བརྒྱབ་ནས་འཚོག་རྒྱུ་ཡིན་པ།

ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་དུས་བབ“བརྟན་ པོ་མེད་པ”ཁས་བླངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་19ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་ཐོ་ཁེའོ་ཡི་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་དབུ་བཞུགས་ལག་བསྟར་དཔོན་ཝུའུ་ཐེང་མིན་ལང་གིས་འདི་ཟླའི་ཟླ་མཇུག་ནས་འགོ་འཛུགས་རྒྱུའི་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་ཀྱི་འགོ་འཛུགས་མཛད་སྒོ་སྒོ་བརྒྱབ་ནས་འཚོག་རྒྱུ་དང་འབྲེལ་གཟུགས་གཞི་ཐང་པོ་མེད་པའི་ལྟད་མོ་བ་དཔལ་འབར་བརྒྱུད་སྤྲོད་ལམ་ཐིག་ནས་བྲལ་རྒྱུའི་བླང་བྱ་བཏོན་པ་རེད།
    དེ་ཉིན་ཝུའུ་ཐེང་མིན་ལང་གིས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་སྤྱི་ཁྱབ་པུའུ་རུ་ཛ་དྲག་ངང་གསར་འགོད་པ་དང་ཐུག་འཕྲད་བྱས་ཏེ་དཔལ་འབར་བརྒྱུད་སྤྲོད་ཀྱི་བྱེད་སྒོ་ཉུང་དུ་ཆེས་ཆེར་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཟླ་3ཚེས་20ཉིན་རི་པིན་དུ་འབྱོར་རྒྱུ་དང་ཀུང་ཁྲེང་རྫོང་དུ་འཚོག་རྩིས་ཡོད་པའི་དགའ་བསུའི་མཛད་སྒོའི་སློབ་མའི་འཁྲབ་སྟོན་བྱེད་སྒོ་མེད་པ་བཟོ་རྒྱུ་དང་ཚེས་21ནས་25ཉིན་བར་2011ལོར་རི་པིན་དུ་གནོད་འཚེ་ཕོག་པའི་ས་ཁུལ་ཁ་ཤས་སུ་མེ་མཆོག་འགྲེམས་སྟོན་བྱ་རྒྱུ་ཡིན་མོད། འོན་ཀྱང་རྟེན་འབྲེལ་བྱེད་སྒོ་མེད་པ་བཟོས་པ་རེད། ཟླ་3ཚེས་20ཉིན་མ་གཞི་བྱས་ན་ཕུའུ་ཏའོ་ཡི་J-Villageརུ་འཚོག་རྒྱུའི“འགོ་འཛུགས་མཛད་སྒོ་གཟབ་རྒྱས”ཀྱང་མེད་པ་བཟོ་རྒྱུ་དང་འགོ་འཛུགས་མཛད་སྒོར་ལྟད་མོ་བ་མེད་པ་རེད།
    ཝུའུ་ཐེང་མིན་ལང་གིས“དེ་དག་ཚང་མ་ནི་ཏོག་གསར་གློ་ཚད་མི་མཆེད་པ་བྱ་ཆེད་ཡིན”ཞེས་བརྗོད་པ་རེད།
    ཁོང་གིས་ཚ་བ་རྒྱས་པའི་ནད་རྟགས་ཡོད་པའི་དཔལ་འབར་བརྒྱུད་སྤྲོད་པ་གང་རུང་ཐོན་་ཕྱིན་བརྒྱུད་སྤྲོད་ནང་ཞུགས་སུ་མི་འཇུག་པ་དང་གཟུགས་གཞི་ཐང་པོ་མེད་པའི་ལྟད་མོ་བ་ཡོད་ཕྱིན་དཔལ་འབར་བརྒྱུད་སྤྲོད་ཀྱི་ལམ་ཐིག་ནས་བྲལ་རྒྱུའི་བླང་བྱ་བཏོན་ཡོད་ཅེས་བརྗོད་པ་རེད།
    ཝུའུ་ཐེང་མིན་ལང་གིས་ཨོ་རྩལ་འགྲན་ཚོགས“འཆར་གཞི་ལྟར”གཉེར་རྒྱུའི་བསྐྱར་བཤད་བྱས་མོད། འོན་ཀྱང་ད་ཆའི་དུས་བབ“ཆུ་ཚོད་རེ་ལའང་འགྱུར་ལྡོག་འགྲོ་བཞིན་ཡོད་པ”ཁས་བླངས་པ་རེད།