འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་18ཉིན།

༄༅༎ཝུའུ་ཧན་གྱི་སྨན་ཁང་ཁག་གཅིག་གིས་ཏོག་གསར་གློ་ཚད་མིན་པའི་སྒོ་བསྟེན་སྨན་བཅོས་
རིམ་བཞིན་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་18ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཝུའུ་ཧན་གྱི་སྨན་ཁང་ཁག་གཅིག་གིས་ཏོག་གསར་གློ་ཚད་མིན་པའི་སྒོ་བསྟེན་སྨན་བཅོས་
རིམ་བཞིན་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་པ།
     འདི་ནི་ཟླ་3ཚེས་15ཉིན། ཧུའུ་པེ་ཞིང་ཆེན་ཀྲུང་ལུགས་སྨན་ཁང་ཧྭ་ཡོན་ཧྲན་སྨན་ཁུལ་དུ་ལས་དོན་མི་སྣས་དོས་དྲག་མྱུར་སྐྱོབ་ཁང་དུ་དུག་སེལ་བྱེད་པ་དང་། ཧྭ་ཡོན་ཧྲན་སྨན་ཁུལ་དུ་ཏོག་གསར་གློ་ཚད་ཕོག་པའི་ནད་པ་ཚང་མ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་བསྟུན་ནས་དུག་སེལ་ཐག་གཅོད་ནན་པོ་བྱས་པ་བརྒྱུད་སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་གཅིག་རྗེས་གཉིད་མཐུད་ངང་སླར་གསོ་བྱེད་བཞིན་ཡོད།
     རིམས་ནད་རིམ་བཞིན་ཚོད་འཛིན་ཐུབ་པ་དང་བསྟུན་ནས་ཝུའུ་ཧན་གྱི་སྨན་ཁང་ཁག་གཅིག་གིས་ཏོག་གསར་གློ་ཚད་མིན་པའི་སྒོ་བསྟེན་སྨན་བཅོས་སླར་གསོ་བྱས་ཡོད། གྲལ་བཤེར་ནན་པོ་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག་ཏོག་གསར་གློ་ཚད་མིན་པའི་ནད་པ་དང་ལྷག་པར་དུ་གཅོང་ནད་ཀྱི་ནད་ཚབས་ཆེ་བའི་ནད་པ་དེ་བས་མང་བ་འཕྲལ་དུ་སྐྱོབ་བཅོས་བྱས་ནས་སྨན་ཁང་གི་ནུས་པ་རྒྱུན་གཏན་ཅན་དུ་སྒྱུར་ཐབས་བྱས་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། ཝུའུ་ཧན་གྲོང་ཁྱེར་གྱིས་དུས་བགོས་ཁག་བགོས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཏོག་གསར་གློ་ཚད་ཀྱི་ནད་དཔེ་སྨན་ཁང་དུ་བསྡུས་ནས་སྨན་བཅོས་བྱེད་མཁན་གནས་གཏན་འཁེལ་གྱི་སྨན་ཁང་50ལྷག་ཙམ་གྱིས་སྨན་བཅོས་ཐོན་ཁུངས་ཕུན་སུམ་ཚོགས་པའི་སྨན་ཁང་10གཅིག་སྡུད་བྱས་ཏེ་ཕྱིར་སྤྲོད་བྱས་པའི་སྨན་ཁང་ཡོངས་རྫོགས་དུག་སེལ་མཐར་ཕྱིན་པ་བྱེད་པའི་ལས་དོན་སྤེལ་རྒྱུའི་འཆར་གཞི་ཡོད་པ་དང་། འཆར་གཞི་ལྟར་ན། ཏོག་གསར་གློ་ཚད་མིན་པའི་ནད་པའི་སྨན་བཅོས་དང་ལེན་གྱི་ལས་དོན་རིམ་བཞིན་ཡག་པོ་བསྒྲུབ་རྒྱུའི་གྲ་སྒྲིག་བྱ་རྒྱུ་རེད། སྔོན་དཔག་ལྟར་ན་ཟླ་3པའི་ཟླ་མཇུག་ཏུ་གནས་གཏན་འཁེལ་གྱི་སྨན་ཁང་ཁག་བཞི་ཡི་རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ལམ་སླར་གསོ་བྱ་རྒྱུ་རེད།