འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་17ཉིན།

༄༅།།མཚ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་ནས་སྲོག་ཆགས་“ཡ་མ་གཟུགས་”དང་གསའ་ཡི་རྩ་ཆེའི་བརྙན་
རིས་ལེན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་17ཉིན། 12:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་ནས་སྲོག་ཆགས་“ཡ་མ་གཟུགས་”དང་གསའ་ཡི་རྩ་ཆེའི་བརྙན་
རིས་ལེན་པ།
     མི་དམངས་དྲ་བའི་འཕྲིན། ཉེ་དུས། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ནང་ཁོངས་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་འགྲོ་འོང་བྱེད་ཡུལ་གྱི་བརྙན་རིས་གསར་རྙེད་བྱུང་ཡོད་པས། ང་ཚོ་མཉམ་དུ་དེར་གཟིགས་དང་།
      ཟླ་2ཚེས་13ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་སྟག་སེང་གྲོང་ཚོའི་ནང་ཁོངས་ནས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རྒྱ་ཟིན་ཐོར་བཀོད་ཐུབ་ཡོད་པ་དང་། རྒྱ་ནི་གླང་ཚན་རིགས་ཀྱི་སྲོག་ཆགས་ལ་གཏོགས་ཤིང་། དཔེ་མཚོན་གྱི་ནགས་ཁྲོད་རི་དྭགས་ཀྱི་རིགས་ཤིག་དང་། འཚོ་གནས་བྱེད་ས་གཙོ་བོ་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་1000ནས་4400ཡི་ལོ་མ་ཁབ་ཅན་གྱི་ནགས་ཚལ་དང་། བྲག་རྡོ་མང་བའི་ལྷད་སྡོང་ནགས་ཚལ་སོགས་ཡིན་པ་རེད། དེའི་རྭ་ཅོ་ནི་ཤྭ་བ་འདྲ་ཡང་ཤྭ་བ་མིན་པ་དང་། རྨིག་པ་གླང་འདྲ་ཡང་གླང་མིན་པ། མགོ་བོ་ར་འདྲ་ཡང་ར་མིན་པ། རྔ་མ་བོང་བུ་འདྲ་ཡང་བོང་བུ་མིན་པས། མི་རྣམས་ཀྱིས་འདི་རིགས་ལ་གཞིགས་ནས་ཤྭ་བ་དང་། རྔ་མོང་ཤྭ་བ། ཤྭ་བ་རྔ་རིང་བཅས་མཉམ་དུ་“ཡ་མ་གཟུགས་”ཞེས་འབོད་ཀྱི་ཡོད་པ་རེད།
    མིག་སྔར་འབྲི་སྟོད་རྫོང་ནས་སྲོག་ཆགས་རྒྱའི་རིགས་མཐོང་བའི་གནས་ཚུལ་བཀོད་ཐེངས་དང་པོ་ཡིན་པས། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་ཁོངས་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་མཚོན་ཡོད།
    མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོང་མཐུན་ཚོགས་ཀྱིས་ཟླ་3ཚེས་13ཉིན་ངོ་སྤྲད་བྱས་དོན། མཐུན་ཚོགས་དེ་དང་གན་རྒྱ་བཞག་པའི་པར་ལེན་མཁན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཤ་དཀར་རི་བོ་ནས་དམར་ཕྱིའི་པར་ཆས་ཀྱིས་གསའ་ཡི་བརྙན་རིས་གསལ་པོ་ཞིག་བླངས་ཡོད་པ་དང་། དེ་ནི་ཁུལ་དེ་ནས་གསའ་ཡི་པར་བླངས་ཐེངས་དང་པོ་ཡིན་པ་རེད།   དེ་ལས་སྐྱེས་ཁམས་ཁོར་ཡུག་ཇེ་བཟང་དུ་ཕྱིན་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་གནས་ཐུབ་པ་མཚོན་གྱི་ཡོད་པ་རེད།
    གསའ་ལ་“ ས་བབ་མཐོ་བའི་སྐྱེ་ཁམས་མ་ལག་བདེ་ཐང་ཡིན་མིན་གྱི་རླུང་གནོན་དཔྱད་ཆས”ཞེས་འབོད་ཀྱི་ཡོད་པ་རེད། ཁྱབ་ཡུལ་ནི་ཀྲུང་གོ་དང་།  ཧ་སག་སི་ཐན། རྒྱ་གར། ནེ་པ་ལ། ཕ་ཁེ་སི་ཐན།  མོང་གོལ་རྒྱལ་ཁབ་བཅས་རྒྱལ་ཁབ་12བརྒལ་ཡོད་ཅིང་། མིག་སྔར། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་གསའ་ཁྱབ་ཚད་ཆེས་ཤོས་ཀྱི་རྒྱལ་ཁབ་ཡིན་པ་དང་། འཚོ་ཁུལ་60%རུ་ཁེབས་ཡོད།
༄༅།།མཚ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་ནས་སྲོག་ཆགས་“ཡ་མ་གཟུགས་”དང་གསའ་ཡི་རྩ་ཆེའི་བརྙན་
རིས་ལེན་པ།