འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་27ཉིན།

༄༅༎ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ལས་དོན་སྙན་ཞུར་གཞིགས་ན། 2019ལོར་
ཀྲུང་དབྱང་གིས་དོ་དམ་བྱེད་པའི་ལས་བྱེད་པ་45ཞིབ་བཤེར་ཐག་གཅོད་བྱས་པ་དང་རྒྱལ་
ཡོངས་སུ་མི་10357རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་25ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཚེས་24ཉིན་ཀྲུང་དབྱང་སྒྲིག་ཨུད་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ལས་དོན་སྙན་ཞུ་ཆ་ཚང་ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུ་ལས་མངོན་པར་གཞིགས་ན། 2019ལོར་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ལས་བྱེད་པ་45གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་དང་། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་དོན་ཁྲི་61.9གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་དང་། མི་ཁྲི་58.7ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད། བྱས་ཉེས་བསགས་དོགས་ཡོད་ཅིང་ཞིབ་དཔྱོད་ལས་ཁུངས་ལ་སྐྱེལ་སྤྲོད་བྱས་པ་མི་ཁྲི་2.1ཡོད། ཟིལ་གནོན་ཆེན་པོ་དང་སྲིད་ཇུས་ཀྱི་འབོད་སྐུལ་འོག་རྒྱལ་ཡོངས་ཀྱི་མི་10357རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ་དང་། དེའི་ནང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ལས་བྱེད་པ་5དང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པ་119ཡོད་པ་རེད། “གནམ་རྒྱ་2019ལོའི”བྱ་སྤྱོད་སྤེལ་ནས་ཕྱིར་བྲོས་མི་སྣ་2041འདེད་ལེན་བྱས་པ་དང་། དེའི་ནང“འཛིན་བཟུང་བཀའ་རྒྱ་དམར་པོའི་མི་བརྒྱའི”ནང་གི་མི་4དང་། “འཛིན་བཟུང་བཀའ་རྒྱ་དམར་པོའི་མི་སྣ”40 ཏང་ཡོན་དང་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་860བཅས་ཡོད་པ་དང་། བཙོག་དངུལ་སྒོར་དུང་ཕྱུར་54.2འདེད་ལེན་བྱས་ཡོད། རྒྱལ་ཡོངས་སུ་ནག་གཤེད་དང་འབྲེལ་བ་ཡོད་པའི་རུལ་སུངས་དང་“འགེབས་སྲུང་”གི་གནད་དོན་ཁྱོན་བསྡོམས་ཁྲི་3.8གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་ཁྲི་3.2ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད། ཉེས་བསགས་དོགས་པ་ཡོད་པའི་རྐྱེན་གྱིས་ཞིབ་དཔྱོད་ལས་ཁུངས་ལ་སྐྱེལ་སྤྲོད་བྱས་པའི་མི་4900ལྷག་ཡོད།