འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་25ཉིན།

༄༅༎གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་24ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

བྱེ་ཐང་གི་ཆ་ག་པའི་གནོད་འཚེ།
འདི་ནི་ཟླ་2ཚེས་20ཉིན་ཁེན་ནི་ཡ་ཅི་ཐུའུ་དབྱིའི་ཞིང་ར་ཞིག་ནས་པར་བླངས་པའི་ཆ་ག་པ་ཡིན།

     ཉེ་བའི་ཟླ་ཤས་རིང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོར་བྱེ་ཐང་གི་ཆ་ག་པའི་གནོད་འཚེ་ཕོག་ཅིང་། དེའི་ནང་ཨེ་ཙེ་ཨོ་ཕི་ཡ་དང་། ཅི་པོའུ་ཐི། སོ་མ་ལི་བཅས་ལ་ལོ་25རིང་གི་གནོད་འཚེ་ཚབས་ཆེ་ཤོས་ཕོག་པ་དང་ཁེན་ནི་ཡ་ལ་ལོ་70རིང་གི་གནོད་པ་ཚབས་ཆེ་ཤོས་དེ་ཕོག མིག་སྔར་ཨ་ཧྥེ་རི་ཁའི་ཟུར་གྱི་ཆ་ག་པ་ད་དུང་རྒྱུན་ཆད་མེད་པར་སྐྱེ་འཕེལ་བྱེད་བཞིན་ཡོད་པ་དང་། ཟླ་3པ་དང་ཟླ་4པར་ཆ་ག་པའི་ཁྱུ་གསར་པ་ཆགས་ནས་གནོད་འཚེའི་གནས་ཚུལ་སྔར་བས་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད།
【1】  【2】  【3】
པའོ་ལིན་གློག་བརྙན་དུས་ཆེན། 
ཟླ་2ཚེས་20ཉིན་འཇར་མན་གྱི་རྒྱལ་ས་པེར་ལིན་དུ་གསར་དུ་བསྐོ་གཞག་བྱས་པའི་པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཀྲུའུ་ཞི་མཱ་ལི་ཐེ་ལི་སེན་པེ་ཁེ(གཡོན་གྱི་གཉིས་པ)དང་གསར་དུ་བསྐོ་གཞག་བྱས་པའི་སྒྱུ་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་ཁ་ལུའོ་ཧྲ་ཐེ་ལི་ཨན(གཡོན་གྱི་གསུམ་པ)སྐབས་70པའི་པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་འགྲན་བསྡུར་ཚན་པ་གཙོ་བོའི་དཔྱད་བསྡུར་ཚོགས་པའི་ཁོངས་མི་དང་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། 
སྐབས་70པའི་པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཚེས་20ཉིན་འགོ་ཚུགས་པ་རེད། མིང་གཅིག་པའི་བརྩམས་སྒྲུང་བཅོས་སྒྲིག་བྱས་པའི་གློག་བརྙན《ང་ས་ལིན་ཀེ་ལ་འགྱུར་དུས》ཞེས་པ་དེས་སྐབས་འདིའི་གློག་བརྙན་དུས་ཆེན་གྱི་ཡོལ་བ་ཕྱེ་ཡོད།