འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་22ཉིན།

༄༅༎བསྐྱར་དུ་དབུལ་བོར་འགྱུར་བར་སྔོན་འགོག་དང་མུ་མཐུད་འགག་སྒྲོལ་བྱ་རྒྱུ་གཉིས་གལ་ཆེ་མཉམ་བརྩི་ཡིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 11:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། “དཀའ་ངལ་ཅི་འདྲ་ཆེ་ཡང་སྲིད་ཇུས་ལ་བརྟེན་ཆོག་པ་དང་། ནད་གསུམ་སྡུག་གཉིས་བྱུང་ཡང་སྨན་བཅོས་འགན་བཅོལ་ཡོད།” ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོར་གྱུར་པ་ནས་རོགས་སྐྱོར་སྲིད་ཇུས་འོག་རིམ་བཞིན་དབུལ་སྒྲོལ་ཐུབ་པ་དང་གཞི་རྩའི་འཚོ་བར་འགན་ལེན་བྱུང་བའི་བར། ཁྲུང་ཆིང་གྲོང་ཁྱེར་ཧྲི་ཀྲུའུ་ཐུའུ་ཅ་རིགས་རང་སྐྱོང་རྫོང་ཀྲུང་དབྱི་ཤང་ཧྭ་ཤིས་གྲོང་ཚོའི་ཐན་ཏེང་ཀྲོའུ་ཡི་ཉམས་མྱོང་ལས་སྲིད་ཇུས་ཞབས་སྐྱོར་གྱི་འགག་རྩའི་ནུས་པ་མངོན་གསལ་དོད་པོར་མངོན་པ་མ་ཟད། ས་གནས་ཁག་གིས་དབུལ་སྒྲོལ་བརྟན་པོ་ཡོང་བའི་ཕུགས་ཕན་ལམ་སྲོལ་རྒྱུན་ཆད་མེད་པར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བློ་སྒོ་ཡང་ཕྱེ་བ་རེད། 
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བསྐྱར་དུ་དབུལ་བོར་འགྱུར་བར་སྔོན་འགོག་བྱ་རྒྱུ་དེ་མུ་མཐུད་འགག་སྒྲོལ་བྱ་རྒྱུ་དང་འདྲ་བར་གལ་ཆེ”ཞེས་ནན་བཤད་གནང་ཡོད། ནད་ཕོག་པ་ནི་དབུལ་པོར་འགྱུར་བ་དང་དབུལ་བོར་བསྐྱར་ལོག་གི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། ཤིན་ཏུ་དབུལ་བའི་ས་ཁུལ་དུ་དེ་ཙམ་གྱིས་ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་བ་དང་ནད་གཞིས་རྐྱེན་པས་དབུལ་པོ་བསྐྱར་ལོག་ཡོང་རྒྱུ་སྔོན་འགོག་བྱེད་དགོས། “དཀའ་སྤྱད་འབད་བརྩོན་བྱས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཀྱང་། ནད་གཞི་ཚབས་ཆེན་གཅིག་གིས་ཚང་མ་མེད་པར་བཟོ་བ”སྔོན་འགོག་བྱེད་དགོས། མ་མཐའི་འཚོ་བ་འགན་ལེན་དང་། སྨན་བཅོས་འགན་བཅོལ། སྨན་བཅོས་རོགས་སྐྱོབ་སོགས་ཀྱི་འབྲེལ་ཡོད་རོགས་སྐྱོར་དང་འགན་ལེན་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཚེ་ནད་གཞིས་རྐྱེན་པས་དབུལ་པོར་བསྐྱར་ལོག་མི་ཡོང་བའི་འགན་ལེན་བྱེད་ཐུབ། 
     མིག་སྔར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དེ་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། གཙོ་ཆེ་ཤོས་ནི་ལྷོད་གཡེང་མི་བྱེད་པ་དང་རི་ཉིལ་མི་ཡོང་བ་བྱས་ཏེ་ལས་དོན་གཏིང་ཟབ་དང་ཏན་ཏིག་སྒྲུབ་དགོས་པ་དེ་རེད། དབུལ་སྒྲོལ་ཐུབ་མེད་པའམ་ཡང་ན་ནད་གཞིས་རྐྱེན་པས་དབུལ་པོ་བསྐྱར་ལོག་ཡོང་པའི་མང་ཚོགས་ལ་འགན་ལེན་བྱེད་ཐབས་སྣ་ཚོགས་མགྱོགས་མྱུར་ངང་འཐུས་སྒོ་ཚང་དུ་གཏོང་དགོས། དབུལ་ཞྭ་ཕུད་ཟིན་པའི་ས་ཆར་བརྟན་པོ་ཞིག་བྱེད་པ་དང་སྙིགས་བསིང་ཞིག་བྱས་ནས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས། བྱེད་ཐབས་དེ་བས་གནད་སྨིན་དང་། བྱེད་ཐབས་དེ་བས་ཞིབ་ཚགས་བ། ལས་དོན་དེ་བས་ཏན་ཏིག་བཅས་བྱུང་ཚེ་གཞི་ནས་ལམ་ལུགས་ཀྱི་མ་ལག་ལ་བརྟེན་ནས་མང་ཚོགས་དབུལ་པོ་དངོས་འབྲེལ་དབུལ་སྒྲོལ་བ་དང་བརྟན་པོའི་ངང་དབུལ་སྒྲོལ་ཡོང་བའི་འགན་ལེན་བྱེད་ཐུབ་བོ༎