འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་21ཉིན།

༄༅༎ཧུའུ་པེས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁ་གྲངས་ཁྲི་6ཁག་སོ་སོར་བགོ་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཝུའུ་ཧན་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གསར་འགོད་པས་ཧུའུ་པེ་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་ནས་ཤེས་རྟོགས་བྱས་པར། ཧུའུ་པེར་རྒྱལ་ཁབ་འཕྲལ་སྡོམ་དོ་དམ་པུས་སྤྲད་པའི་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁ་གྲངས་ཁྲི་6འབྱོར་ཡོད་པ་རེད། ཚེས་19ཉིན་གྱི་ཕྱི་དྲོ་ནས་འགོ་བཙུགས་ཏེ་དངོས་ཟོག་དེ་དག་རིམ་པ་བཞིན་ཝུའུ་ཧན་གྲོང་ཁྱེར་གྱི་ལོགས་སུ་འཇོག་ཡུལ་ཁག་དང་སྟབས་བསྟུན་སྨན་ཁང་སོགས་ཀྱི་ནད་པར་བགོ་འགྲེམས་བྱས་པ་རེད།
     ཧུའུ་པེའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་དམིགས་ཏེ། འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་ཧུའུ་པེ་ཞིང་ཆེན་ལ་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁ་གྲངས་ཁྲི་6ཛ་དྲག་ངང་སྤྲད་པའི་ནང་སྲིང་བལ་གྱི་ཉལ་ཆས་ཁྲི་5དང་ལྟེབས་ཁྲི་ཁྲི་1མང་ཚོགས་གཞན་སྒྱུར་བཀོད་སྒྲིག་དང་། ལོགས་འཇོག་ལྟ་ཞིབ། དེ་བཞིན་སྟབས་བསྟུན་སྨན་ཁང་བཅས་ལ་སྤྲད་ནས་ཧུའུ་པེས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཉེ་དུས་གངས་མ་ཆར་གྱི་གནམ་གཤིས་གྲང་མོ་བསྟན་པའི་དབང་གིས་འཚོ་བར་དཀའ་ངལ་ཡོད་པའི་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་རམ་བྱས་པ་རེད།