འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁག་གསུམ་པ་ཧུའུ་པེར་གཏོང་འདྲེན་བྱས་ནས་ཧུའུ་པེའི་
རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རོགས་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར། ཟླ་2ཚེས་17ཉིན་ཧུའུ་པེ་ཞིང་ཆེན་གྱི་རེ་ཞུ་ལྟར། འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་ཧུའུ་པེ་ཞིང་ཆེན་ལ་སྲིང་བལ་གྱི་མལ་ཆས་ཁྲི་5དང་ལྟེབ་ཁྲི་ཁྲི་1བཅས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁག་གསུམ་པ་ཛ་དྲག་ངང་སྒྲིག་འཛུགས་དང་གཏོང་འདྲེན་བྱས་ནས། མང་ཚོགས་གནས་སྤོས་བཀོད་སྒྲིག་དང་ལོགས་འཇོག་ལྟ་ཞིབ་དང་དེ་བཞིན་སྟབས་བསྟུན་སྨན་ཁང་བཅས་ལ་རྒྱབ་སྐྱོར་བྱས་པ་དང་འབྲེལ་ཧུའུ་པེས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་པར་རོགས་རམ་བྱས་པ་རེད།
     མིག་སྔའི་བར་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་རིམ་རྩིས་བྱས་ན། ཧུའུ་པེ་ཞིང་ཆེན་ལ་སྲིང་བལ་གྱོན་ཆས་དང་། སྲིང་བལ་མལ་ཆས། ལྟེབ་ཁྲི་སོགས་གེགས་སེལ་དངོས་ཟོག་ཁྲི་19.8གཏོང་འདྲེན་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱས་པ་རེད།