འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎ཁྲག་སྦྱིན་འབུལ་ནས་གཅེས་སེམས་མཚོན་པར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་20ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཟླ་2ཚེས་17ཉིན། ཝུའུ་ཧན་ཁྲག་རྒྱུན་ལྟེ་གནས་ཀྱི་ཀྲུང་གོ་གསོ་རིག་ཚན་རིག་ཁང་CpnCoVརྣམ་གྲངས་ཚོགས་ཆུང་དུ་དྲག་སྐྱེད་བྱུང་བའི་ནད་པ་ཧན་ཁའུ་སྨན་ཁང་གི་སྨན་གཡོག་ཚའེ་ཐའོ་དབྱིང་གིས་ཁྲག་སྦྱིན་འབུལ་སྐབས་དྲན་རྟེན་པར་བརྒྱབ་ཅིང་། ཁོང་གིས་ལས་རོགས་ཚོ་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་ཡོད། ངས་ཁྲག་སྦྱིན་འབུལ་རྗེས་ཉིན་ཤས་ངལ་གསོས་ནས་སླར་ཡང་ལས་གནས་ཐོག་བསྐྱོད་རྩིས་ཡོད། ང་ལ་ནད་དུག་འགོས་དོན་ནི་འགོག་སྲུང་ཡག་པོ་མ་བྱས་པ་དང་ཉམས་མྱོང་མ་འདང་བས་རེད། ང་སླར་ཡང་ལས་གནས་ཐོག་སྐྱོད་སྐབས་དེའི་ཐད་ཟབ་ཟབ་བྱེད་ཀྱི་ཡིན་ཞེས་བཤད།
     དེ་ཉིན་ཏོག་གསར་གློ་ཚད་ཕོག་ནས་དྲག་སྐྱེད་བྱུང་བའི་མི་བཞི་པོས་ཝུའུ་ཧན་ཁྲག་རྒྱུན་ལྟེ་གནས་སུ་ཁྲག་སྦྱིན་ཕུལ་བ་རེད། 《ཏོག་གསར་གློ་ཚད་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་ལྔ་པ)》གཞིར་བཟུང་། ནད་གཞི་ལྕི་བ་དང་ཅུང་ལྕི་བའི་ནད་པར་རྦད་དེ་དྲག་སྐྱེད་བྱུང་བའི་ནད་པའི་ཁྲག་རྒྱུན་སྤྱད་དེ་སྨན་བཅོས་བྱེད་ཆོག་གི་ཡོད།