འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎ཝུའུ་ཧན་གྱིས་སྨན་དོན་མི་སྣའི་ནང་མིར་ཕྱོགས་གང་ས་ཅི་ཐད་ནས་སེམས་ཁུར་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་19ཉིན། 12:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཝུའུ་ཧན་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། འཐབ་ས་དང་པོའི་སྨན་དོན་མི་སྣར་སེམས་ཁུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁོང་ཚོའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་ཆེད། ཚེས་17ཉིན་ཝུའུ་ཧན་གྲོང་ཨུད་རྩ་འཛུགས་པུའུ་ཡིས་ས་ཁུལ་ཁག་དང་ཚན་པ་ཁག་གིས་སྨན་དོན་མི་སྣའི་ཁྱིམ་ཚང་ཆ་འཕྲིན་དང་ལྷག་པར་དུ་རྒན་རྒོན་དང་བུ་ཕྲུག་ལ་ལྟ་རྟོག་བྱེད་པའི་དམིགས་བསལ་གྱི་གནས་ཚུལ་མཐིལ་རྟོགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཚེས་19ཉིན་གོང་ཁྱིམ་ཚང་མི་རེ་ངོ་རེར“བདེ་ཐང་གི་གཅེས་སེམས་བསྐུར་མ”སྤྲོད་དགོས་ཤིང་། བསྐུར་མའི་ནང་དུག་སེལ་སྨན་ཆུ་དང་སྔོན་འགོག་སྨན་སོགས་བླུགས་ཡོད། སྨན་དོན་མི་སྣ་གནས་སའི་ཁོངས་གཏོགས་ཁུལ་གྱི་ཁྲོམ་གཞུང་སྡེ་ཁུལ་གྱིས་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས་གཟའ་འཁོར་མི་རེ་ངོ་རེར་ཁོང་ཚོར་ཚལ་དང་འཚོ་བའི་དངོས་ཟོག་ཉོ་བ་དང་སྐྱེལ་བ་སོགས་ཀྱི་རོགས་རམ་བྱེད་དགོས། གཟའ་འཁོར་མི་རེ་ངོ་རེར་སྨན་དོན་མི་སྣའི་ནང་མི་དང་འབྲེལ་གཏུག་ཐེངས་རེ་བྱས་ཏེ་ཁོང་ཚོའི་དཀའ་ངལ་དང་བདེ་སྡུག་ཤེས་རྟོགས་བྱེད་པ་དང་འབྲེལ་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱེད་དགོས། བཟའ་ཚོ་གཉིས་ཀ་སྨན་དོན་མི་སྣ་ཡིན་ཚེ་ཡག་ཤོས་བྱུང་ན་དུས་གཅིག་ཏུ་འཐབ་ས་དང་པོར་ལས་ཀ་བཀོད་སྒྲིག་བྱེད་རྒྱུ་མེད། སློབ་གྲྭ་འབྲིང་ཆུང་འགྲིམ་བཞིན་པའི་སྨན་དོན་མི་སྣའི་བུ་ཕྲུག་འགྲོ་སའི་སློབ་གྲྭས་ཆེད་དམིགས་ཆ་སྒྲིག་དགེ་རྒན་བཀོད་སྒྲིག་བྱེད་པ་དང་སྤྱི་ཚོགས་ཀྱི་དང་བླངས་པ་བསྡུ་སྒྲིལ་བྱས་ཏེ་ཉིན་ལྟར་དྲ་རྒྱ་དང་ཁ་པར་སོགས་ཀྱི་ཐབས་ལམ་ཐོག་ནས་སློབ་སྦྱོང་ལ་ཟུར་ཁྲིད་དང་བྱམས་སྐྱོང་བྱེད་དགོས།
     ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བྱུང་བའི་འཐབ་ས་དང་པོའི་སྨན་དོན་མི་སྣའི་ཁྱིམ་ཚང་ལ་འཚམས་འདྲིའི་དངུལ་སྒོར་3000སྤྲོད་དགོས་པ་དང་། ཏོག་གསར་གློ་ཚད་ཕོག་ནས་གྲོངས་པའི་འཐབ་ས་དང་པོའི་སྨན་དོན་མི་སྣའི་ཁྱིམ་ཚང་ལ་འཚམས་འདྲིའི་དངུལ་སྒོར་5000སྤྲོད་དགོས།