འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་19ཉིན།

༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་སྦྲག་འཛིན་12འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་19ཉིན། 12:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་སྦྲག་འཛིན་12འགྲེམས་སྤེལ་བྱས་པ།
     འདི་ནི་ཟླ་2ཚེས་18ཉིན་ཉིའུ་གཡོད་དུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་པར་བླངས་པའི་སྟོངས་ལ་ཉེ་བའི་སྲོག་ཆགས་རིགས་ཀྱི་མུ་འབྲེལ་སྦྲག་འཛིན་ཚགས་པར་ཡིན་པ། 
     མི་དམངས་དྲ་བའི་འཕྲིན། ཚེས་17ཉིན་མཉམ་འབྲེལ་རྒྱལ་ཚོགས་སྦྲག་སྲིད་དོ་དམ་ཅུས་ཀྱིས《བདག་ཏུ་མ་བཟུང་བའི་སྲོག་ཆགས་གནས་སྤོ་དངོས་རིགས་ལ་སྲུང་སྐྱོང་བྱེད་པའི་སྤྱི་ཆིངས》དང་མཉམ་འབྲེལ་གྱིས་བཏོན་པའི་སྟོངས་ལ་ཉེ་བའི་དངོས་རིགས་ཀྱི་མུ་འབྲེལ་སྦྲག་འཛིན་པར་གཞི་27པ་འགྲེམས་སྤེལ་བྱས་པ་རེད། ཕོར་ཐིའུ་ཀལ་གྱི་ཇུས་འགོད་པ་སང་ཏེ་ལ་མ་ཤིས་ཨའེ་ལས་ཇུས་འགོད་བྱས་པའི་སྦྲག་འཛིན་དེས་འཛམ་གླིང་ས་གནས་ཁག་གི་སྲོག་ཆགས་སྣ་ཚོགས་འགྲེམས་སྟོན་བྱས་ཡོད་དེ། དེའི་ནང་གཏུམ་ཉ་ཐོ་མགོ་ཅན་དང་། ཨན་ཏི་སིའི་ཧོ་ལེ་བྱ་རྒོད། ཏར་མ་ཐི་ཡའི་ཐི་ཧུ་དང་། ཨེ་ཅིབ་ཀྱི་གླག་རྒོད། བོད་ལྗོངས་ཀྱི་རྐྱང་སོགས་ཚུད་ཡོད།