འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་18ཉིན།

༄༅༎མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་གིས་རིམས་འགོག་དང་ཐོན་སྐྱེད་གཉིས་ཀ་མ་འཕྱུགས་པ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་18ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མཚོ་སྔོན་མདོ་ལ་རྫོང་ཀུའུ་ལེང་དམངས་སྲོལ་རིག་གནས་རྡོ་རྒྱུ་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝང་ཀྲུང་ཞང་གིས“རིམས་ནད་ཐོན་རྗེས་ཚང་མ་ཕྱིར་མི་སྐྱོད་པ་དང་པོར་གཞན་གྱི་ཁྱིམ་དུ་མི་འགྲོ་བའི་རེ་བ་བཏོན་ཡོད། རིམས་ནད་ཀྱིས་ང་ཚོ་ཕྱིར་བསྐྱོད་རྒྱུར་ཚོད་འཛིན་བྱེད་མོད། འོན་ཀྱང་ང་ཚོའི་ལག་གཉིས་པོར་ཚོད་འཛིན་བྱེད་མི་ཐུབ། ངས་ལས་མི་ཚོ་ཁྱིམ་དུ་ལག་ཤེས་ཐོན་རྫས་བཟོ་བཅུག་པ་ཡིན། དེ་ལྟར་བྱ་རྒྱུ་ནི། ཕྱོགས་གཅིག་ནས་ཁོང་ཚོའི་དཔལ་འབྱོར་གྱི་གནོན་ཤུགས་ཆུང་དུ་ཕྱིན་ཏེ་ཁོང་ཚོ་ལས་ཀ་ཤོར་ནས་དབུལ་པོར་བསྐྱར་དུ་ལོག་མི་སྲིད་པ་དང་། ཕྱོགས་གཞན་ཞིག་ནས་ཀུང་སིའི་ངོས་ནས་བརྗོད་ན། རིམས་ནད་འཇགས་རྗེས་རྒྱུན་ལྡན་ལས་གཉེར་སྔ་ཙམ་ཐུབ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད”ཅེས་བརྗོད།
     ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཟླ་2ཚེས་7དང་8ཉིན་བར་ཝང་ཀྲུང་ཞང་གིས་ཀུང་སིའི་ཚབ་བྱས་ཏེ། མདོ་ལ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་དང་གྲོང་ཤར་སྡེ་ཁུལ་སོགས་ཡུལ་གཞན་དུ་མི་སྐྱོད་པའིཁ་ཏ་བསླབ་བྱའི་ས་ཚིགས་18ལ་སྟབས་བདེའི་ཐུག་པ་དང་པ་པའོ་འབྲས་ཐུག་སོགས་རིན་ཐང་སྒོར་7200ལྷག་ཙམ་རི་བའི་གཅེས་སེམས་ཟས་རིགས་དང་དངོས་ཟོག་བསྐྱལ་ཡོད་པ་རེད། ཀུང་སིས་ལེགས་སྐྱེས་འབུལ་བ་དང་དྲོ་སྐྱིད་སྦྱིན་ནས་རིམས་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་གཞི་རིམ་གྱི་ལས་དོན་མི་སྣར་གུས་འདུད་ཞུ་ལུགས་མཚོན་པར་བྱས་པ་རེད།
     ལས་བཟོ་མ་ཁྲུན་མེས“ཕྱིར་དོན་རྒྱུ་མེད་རུང་། ང་ཚོས་ཁྱིམ་དུ་ལག་ཤེས་ཐོན་རྫས་བཟོ་བ་དང་ལྷམ་གདན་འཚེམ་དྲུབ་བྱེད་ཆོག ཡོང་འབབ་ཡོད་པ་མ་ཟད། འཚོ་བ་ཡུལ་པོ་མི་འདུག”ཅེས་གད་མོ་དགོད་བཞིན་བཤད།