འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་17ཉིན།

༄༅༎ཀན་སུའུ་རུ་གསར་བྱུང་ནད་དཔེ་མེད་པ་དང་བསྡོམས་པས་ནད་པ་54སྨན་ཁང་ནས་ཐོན་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་17ཉིན། 11:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་2ཚེས་15ཉིན་གྱི་ཆུ་ཚོད་20ནས་ཟླ་2ཚེས་16ཉིན་གྱི་ཆུ་ཚོད་20བར། ཀན་སུའུ་རུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་དཔེ་གསར་པ་ཐོན་མེད་པ་དང་། སྨན་ཁང་ནས་ནད་པ་5གསར་དུ་ཐོན་ཡོད། ཟླ་2ཚེས་16ཉིན་གྱི་ཆུ་ཚོད་20བར། ཀན་སུའུ་རུ་རིམ་རྩིས་བྱས་ན་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་དཔེ་གཏན་འཁེལ་བྱས་པའི་ནད་དཔེ་90དང་། རིམ་རྩིས་བྱས་ན་སྨན་ཁང་ནས་ཐོན་མཁན་54 ཚེ་འདས་ནད་དཔེ་2བཅས་སྙན་སེང་ཞུས་པ་རེད། ནད་དཔེ་34གནས་གཏན་འཁེལ་གྱི་སྨན་ཁང་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་ཡོད་ཅིང་། དེའི་ཁྲོད་དུ་ལན་ཀྲོའུ་གྲོང་ཁྱེར་གྱི་ནད་དཔེ་13དང་། ཕིང་ལེང་གྲོང་ཁྱེར་གྱི་ནད་དཔེ་8  ཀན་ལྷོ་ཁུལ་གྱི་ནད་དཔེ་4  པའེ་དབྱིང་གྲོང་ཁྱེར་གྱི་ནད་དཔེ་3  ཐེན་ཧྲུའེ་གྲོང་ཁྱེར་གྱི་ནད་དཔེ་3   ཏིང་ཤིས་གྲོང་ཁྱེར་གྱི་ནད་དཔེ་1  ལུང་ནན་གྲོང་ཁྱེར་གྱི་ནད་དཔེ་1  ཆིང་དབྱང་གྲོང་ཁྱེར་གྱི་ནད་དཔེ་1བཅས་ཡོད་པ་རེད། 
     ད་ལྟ་ནད་གཞི་ལྕི་བའི་ནད་དཔེ་4ཡོད་པ་དང་། ནད་གཞི་ཚབས་ཆེན་ཡིན་པའི་ནད་དཔེ་1 དོགས་ཡོད་ནད་དཔེ་1གསར་དུ་བྱུང་བ་དང་། དེ་ནི་ལན་ཀྲོའུ་གྲོང་ཁྱེར་གྱི་ནད་དཔེ་1དེ་ཡིན་པ་རེད། ད་ཆ་དོགས་གཞི་ཡོད་པའི་ནད་དཔེ་11ཡོད་པའི་ནང་། ལན་ཀྲོའུ་གྲོང་ཁྱེར་གྱི་ནད་དཔེ་7དང་། ཀན་ལྷོ་ཁུལ་གྱི་ནད་དཔེ་3  པའེ་དབྱིན་གྲོང་ཁྱེར་གྱི་ནད་དཔེ་1བཅས་ཡོད་པ་རེད།
     མིག་སྔར་རིམ་རྩིས་བྱས་ན་འབྲེལ་བ་དམ་ཟབ་བྱས་པའི་མི་3952རྗེས་འདེད་ཐུབ་ཡོད་པ་དང་། མི་3175ལ་གསོ་རིག་ལྟ་ཞིབ་མེད་པར་བཟོས་པ་དང་། དེ་བྱིངས་མི་777གྱིས་གསོ་རིག་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད་པ་རེད།