འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་17ཉིན།

༄༅༎བོད་ལྗོངས་སྤེན་ནག་ཚང་བོད་སྨན་ཁང་གིས་རིམས་འགོག་དམག་འཁྲུག་ལ་ཞལ་འདེབས་འབུལ་བའི་ཟིན་ཐོ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་17ཉིན། 11:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
སྤེན་ནག་ཚང་བོད་སྨན་ཁང་གི་འགན་འཁུར་བ་(གཡས་ཀྱི་གཉིས་པ)འཇམ་དབྱངས་ཀྱིས་འཐབ་ས་དང་པོའི་ལས་དོན་མི་སྣར་རིམས་འགོག་ཤེས་བྱ་གསལ་འགྲེལ་བྱེད་བཞིན་པ།
སྤེན་ནག་ཚང་བོད་སྨན་ཁང་གི་འགན་འཁུར་བ་(གཡས་ཀྱི་གཉིས་པ)འཇམ་དབྱངས་ཀྱིས་འཐབ་ས་དང་པོའི་ལས་དོན་མི་སྣར་རིམས་འགོག་ཤེས་བྱ་གསལ་འགྲེལ་བྱེད་བཞིན་པ།
     ཟླ་1ཚེས་30ཉིན་ནས་བཟུང་བོད་ལྗོངས་སྤེན་ནག་ཚང་བོད་སྨན་ཁང་གིས་གཞིས་རྩེ་གྲོང་ཁྱེར་གྱི་ས་གནས་ཁག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་རྒྱུར་གྲ་སྒྲིག་བྱེད་འགོ་ཚུགས་ཡོད། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ནུས་ལྡན་བྱ་ཆེད། སྤེན་ནག་ཚང་གི་རྒྱུན་འཛིན་པ་མི་རབས་བཅུ་པ་བོད་སྨན་ཁང་གི་འགན་འཁུར་བ་འཇམ་དབྱངས་ཀྱི་སྣེ་ཁྲིད་འོག བོད་སྨན་ཁང་གི་སྨན་དོན་མི་སྣ་ཡོངས་ཀྱིས་ཉིན་མཚན་མེད་པར་ལས་སྣོན་བྱས་ནས། “རྡོ་རྗེ་རིམས་འགོག་སྨན་ཁུག”ཞིབ་བཟོ་བྱས་པ་དང་འབྲེལ་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་གཞིས་རྩེ་གྲོང་ཁྱེར་གྱི་ས་གནས་ཁག་གི་ལས་དོན་མི་སྣ་དང་ཉེ་འཁོར་གྱི་མང་ཚོགས་སོགས་ལ་རིམས་ནད་འགོག་པའི་སྨན་ཁུག་35000ལྷག་ཙམ་ཁྱོན་སྒོར་ཁྲི་70རི་བའི་ཞལ་འདེབས་ཕུལ་ཡོད།
     ཟླ་2ཚེས་4ཉིན་ནས་བཟུང་། སྤེན་ནག་ཚང་བོད་སྨན་ཁང་གིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཞལ་འདེབས་རྒྱག་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད། འཇམ་དབྱངས་ཀྱིས་གསར་འགོད་པར“མེས་རྒྱལ་ལ་དགོས་མཁོ་ཡོད་དུས། ང་ཚོས་རང་ཉིད་ཀྱི་ནུས་པ་འདོན་ཐུབ་ན་གཟི་བརྗིད་དུ་ཚོར་གྱི་འདུག ང་ཚོས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཕ་ཡུལ་གྱི་ས་ཕྱོགས་གང་སའི་མང་ཚོགས་ལ་དྲིལ་བསྒྲགས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲིད་སྟོན་པ་དང་དྲིལ་བསྒྲགས་པ་ཡག་པོ་ཞིག་བྱ་རྒྱུ་ཡིན”ཞེས་བཤད།
     “དམིགས་བསལ་གྱི་དུས་སྐབས་འདིར་རིམས་འགོག་དངོས་རྫས་དང་སྔོན་འགོག་ཤེས་བྱའི་དྲིལ་བསྒྲགས་ཤོག་ལྷེ་དག་སེམས་རྣལ་དུ་ཕབ་པའི་རིལ་བུ་བཞིན་ང་ཚོའི་རིམས་འགོག་དམག་འཐབ་ལ་རོགས་རམ་བྱེད་བཞིན་ཡོད་པས། མང་ཚོགས་ཀྱིས་མ་གྲོས་གཅིག་མཐུན་ངང་བོད་ལྗོངས་སྤེན་ནག་ཚང་བོད་སྨན་ཁང་ལ་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱེད་བཞིན་ཡོད།
【1】  【2】  【3】  【4】  【5】
ཟླ་2ཚེས་4ཉིན། འཐབ་ས་དང་པོར་འབད་བརྩོན་བྱེད་བཞིན་པའི་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་སྤྱི་བདེ་ཅུས་དང་དེ་བཞིན་རིམ་པ་དང་པོའི་ཞིབ་བཤེར་ས་ཚུགས་ལ་རིམས་འགོག་སྨན་རྫས་ཞལ་འདེབས་འབུལ་བཞིན་པ།
ཟླ་2ཚེས་4ཉིན། འཐབ་ས་དང་པོར་འབད་བརྩོན་བྱེད་བཞིན་པའི་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་སྤྱི་བདེ་ཅུས་དང་དེ་བཞིན་རིམ་པ་དང་པོའི་ཞིབ་བཤེར་ས་ཚུགས་ལ་རིམས་འགོག་སྨན་རྫས་ཞལ་འདེབས་འབུལ་བཞིན་པ།