འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་16ཉིན།

༄༅༎རིམས་ནད་འགོག་འཛིན་བྱེད་རིང་མི་8ལ་ཞིབ་བཤེར་ཐག་གཅོད་བྱས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་14ཉིན། 11:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་སྤྱི་བདེ་ཅུས་དམིགས་བསལ་སྐོར་ཞིབ་རུ་ཆེན་གྱིས་སངས་སྨད་མངགས་གཏོང་ཁང་དང་མཉམ་འབྲེལ་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་ལས་འགལ་ཏེ་མང་པོ་མཉམ་འདུས་ཀྱིས་མཱ་ཅང་རྒྱག་པའི་དོན་རྐྱེན་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ་དང་། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་སུའུ་ཆེ་གེ་མོ་སོགས་མི་8ལ་སྐྱོན་བརྗོད་དང་སློབ་གསོ་ནན་པོ་བཏང་བ་མ་ཟད། སྤྱི་བདེ་ལས་ཁུངས་སུ་འབོད་འགུགས་བྱས་ནས་བརྟག་དཔྱད་དང་ལེན་བྱེད་བཅུག་ཡོད། ནོར་འཁྲུལ་ཤེས་རྟོགས་བྱུང་རྗེས་སྒྲིག་འགལ་མི་སྣ་8ཀྱིས་མཱ་ཅང་སྒྲོག་ཙེ་2མེད་པར་བཟོས་པ་མ་ཟད། རྗེས་སོར་ནོར་འཁྲུལ་གཏན་ནས་མི་ཤོར་བའི་འགན་ལེན་བྱས་པ་རེད། དོན་རྐྱེན་དེ་ནི་སྡེ་རོང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས“ཉི་མ་ལུང་དམར་འདོན་སྟེགས་བུ”བཙུགས་རྗེས་མང་ཚོགས་ཀྱིས་ཐེར་འདོན་བྱས་པ་དང་འབྲེལ་སྤྱི་བདེ་ལས་ཁུངས་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པའི་གྱོད་གཞི་དང་པོ་དེ་ཡིན་པ་རེད། 
     “ཟླ་2ཚེས་11ཉིན། ང་ཚོས་གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་སྟེགས་སོགས་ཀྱི་ལས་སྟེགས་བརྒྱུད། རྫོང་ཡོངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་སྒྲིག་འགལ་བྱ་སྤྱོད་དམར་འདོན་བྱ་རྒྱུའི་བརྡ་ཐོ་བཏང་ཡོད། ཉིན་དེའི་ཕྱི་དྲོ། སྤྲོ་སེམས་འཁོལ་བའི་གྲོང་མིས་ང་ཚོར་གསར་འགྱུར་ཁུངས་སྣེ་མཁོ་འདོན་བྱས་པ་དང་། དེ་དོན་དངོས་ཡིན་པ་གཏན་འཁེལ་བྱུང་རྗེས། ང་ཚོས་སྤྲོ་སེམས་ཆེ་བའི་གྲོང་མི་དེར་དངུལ་དམར་གྱི་བྱ་དགའ་སྤྲད་པ་ཡིན། ”ཞེས་སྡེ་རོང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པས་ངོ་སྤྲོད་བྱས། 
     ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་རོང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ཟླ་2ཚེས་11ཉིན“ཉི་མ་ལུང་གི་དམར་འདོན་སྟེགས་བུ”སྟེ་མང་ཚོགས་ཀྱི་ཐེར་འདོན་ལས་སྟེགས་བཙུགས་ནས་མང་ཚོགས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་སྒྲིག་འགལ་བྱ་སྤྱོད་སྣ་ཚོགས་དམར་འདོན་བྱ་རྒྱུའི་ལྕག་སྐུལ་བྱས་པ་དང་། སྒོར་50ནས་5000བར་གྱི་གསར་འགྱུར་ཁུངས་སྣེའི་བྱ་དགའ་སྤྲོད་རྒྱུ་བཀོད་སྒྲིག་བྱས་ཡོད་ཅིང་། མང་ཚོགས་ཀྱིས་ཁུངས་སྣེ་མཁོ་འདོན་དང་། བརྙན་དང་པར་རིས་དམར་འདོན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཉེ་འགྲམ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་འགལ་བའི་བྱ་སྤྱོད་སྤེལ་མཁན་ཐེར་འདོན་བྱེད་ཆོག་པ་རེད།