འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་14ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞིས་བརྗོད་དོན། སློབ་གསོའི་ཁོངས་གཏོགས་ཀྱིས་ཐབས་མང་
མཉམ་དུ་སྤྱད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་14ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་12ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞིའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་ཀྲུང་གོའི་སློབ་གསོའི་ཁོངས་གཏོགས་ཀྱིས་རིམས་ནད་ཐོན་རིང“སློབ་མཚམས་བཞག་ཀྱང་མུ་མཐུད་སློབ་སྦྱོང་བྱེད་པའི”ལས་དོན་ཐད་བཀོད་སྒྲིག་བྱས་པ་དང་མཐོ་སློབ་ཁག་གི་ཞོར་གཏོགས་སྨན་ཁང་ཁག་གིས་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་ནུས་ཤུགས་ཡོད་རྒུ་བཏོན་ཡོད།
     སློབ་གསོ་པུའུ་རྨང་གཞིའི་སློབ་གསོ་སིའི་སི་ཀྲང་ལུའི་གཡུས་ཀང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་སློབ་གསོ་པུས་ས་ཁུལ་ཁག་ལ“སློབ་མཚམས་བཞག་ཀྱང་མུ་མཐུད་སློབ་སྦྱོང་བྱེད་པའི”འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པའི་མཛུབ་ཁྲིད་བྱས་ཡོད།
     སློབ་གསོ་པུས་རྒྱལ་ཁབ་དང་དེ་བཞིན་འབྲེལ་ཡོད་ཞིང་ཆེན་ནམ་གྲོང་ཁྱེར་དང་སློབ་གྲྭའི་སློབ་ཁྲིད་ཐོན་ཁུངས་སྤུས་ལེགས་བསྡུ་སྒྲིལ་བྱས་ཏེ་ཟླ་2ཚེས་17ཉིན་རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་དྲ་རྒྱའི་སྤྲིན་ཚོམ་ལས་སྟེགས་དངོས་སུ་བཏོད་དེ་ས་ཁུལ་ཁག་ལ་རིན་མེད་ངང་རང་མོས་གདམ་ག་དང་བེད་སྤྱོད་བྱེད་པར་སྤྲོད་རྒྱུ་རེད། ལས་སྟེགས་ཀྱི་ཐོན་ཁུངས་སུ་ནང་ཏོག་གསར་གློ་ཚད་ཀྱི་རིམས་འགོག་འབྲེལ་ཡོད་ཤེས་བྱ་དང་། གསར་བརྗེའི་སློབ་གསོའི་ཐོན་ཁུངས། ཆེད་དོན་སློབ་གསོའི་ཐོན་ཁུངས། གྲངས་གཞིའི་སློབ་དེབ་ཀྱི་ཐོན་ཁུངས། དེ་བཞིན་སློབ་ཆུང་ནས་མཐོ་འབྲིང་དཀྱུས་མའི་བར་གྱི་རིག་ཚན་དང་སློབ་ཚན་གཙོ་བོའི་སློབ་སྦྱོང་ཐོན་ཁུངས་ཚུད་ཡོད། སློབ་ཐུན་རེར་སྤྱིར་ན་སྐར་མ་20ཡས་མས་ཡོད་ཅེས་བརྗོད།
     སློབ་གསོ་པུའི་མཐོ་རིམ་སློབ་གསོ་སིའི་སི་ཀྲང་ཝུའུ་ཡན་གྱིས་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་རྒྱལ་ཡོངས་ཀྱི་མཐོ་རིམ་གསོ་རིག་སློབ་གླིང་དང་གསོ་རིག་སློབ་གསོ་གཉེར་མཁན་ཕྱོགས་བསྡུས་སློབ་ཆེན་གྱིས་ཞོར་གཏོགས་སྨན་ཁང་གི་སྨན་དོན་མི་སྣ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ཝུའུ་ཧན་དང་ཧུའུ་པེར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད། ཟླ་2ཚེས་10ཉིན་བར་མཐོ་སློབ་123གྱི་ཞོར་གཏོགས་སྨན་ཁང་287གྱིས་སྨན་དོན་མི་སྣ་7924ཝུའུ་ཧན་དང་ཧུའུ་པེར་རོགས་སྐྱོར་ལ་བཏང་ཡོད་པ་ལས། དེའི་ཁྲོད་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་20དང་སྨན་ཁང་61གིས་མི་3787བཏང་བ་དང་། པུའུ་ཨུད་ཁོངས་གཏོགས་ཀྱི་མཐོ་སློབ་གཞན་དག་5དང་སྨན་ཁང་7གྱིས་མི་264བཏང་བ། ས་གནས་མཐོ་སློབ་98ཀྱི་སྨན་ཁང་219ཡིས་མི་3873བཏང་ཡོད་ཅེས་བརྗོད།