འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་13ཉིན།

༄༅༎མཚོ་སྔོན་དུ་བསྟུད་མར་ཉིན་6ལ་གསར་བྱུང་ནད་དཔེ་བྱུང་མེད་ཅིང་། རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་
བྱས་པའི་ནད་དཔེ་18དང་སྨན་ཁང་ནས་ཐོན་མཁན་9ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་13ཉིན། 12:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་12ཉིན་གྱི་ཕྱི་དྲོ། མཚོ་སྔོན་དུ་སླར་ཡང་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཕོག་པའི་ནད་པ་4སྨན་ཁང་ནས་ཐོན་ཐུབ་པ་དང་། མིག་སྔར་མཚོ་སྔོན་དུ་རིམ་རྩིས་བྱས་ན་ནད་པ་9སྨན་ཁང་ནས་ཐོན་ཡོད་པ་རེད། 
     ཟླ་2ཚེས་11ཉིན་གྱི་ཆུ་ཚོད་24བར། མཚོ་སྔོན་ཞིང་ཆེན་དུ་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ནད་རྟགས་གཏན་འཁེལ་བྱས་པའི་ནད་དཔེ18ཡོད་པའི་ནང་ནད་གཞི་ལྕི་བའི་ནད་དཔེ3དང་། ཚེ་འདས་ནད་དཔེ་མེད་པ། རིམ་རྩིས་བྱས་ནས་ནད་གཞི་གཏན་འཁེལ་བྱས་པའི་ནང་ཟི་ལིང་གྲོང་ཁྱེར་དུ་ནད་དཔེ་15དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ནད་དཔེ3ཡོད།     
     ཚེས་12ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་དུ་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་4མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ནས་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཐོན། ད་བར་མཚོ་སྔོན་ཞིང་ཆེན་དུ་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ18ནང་ནད་དཔེ་9དྲག་སྐྱེད་བྱུང་ཞིང་། ནད་དཔེ་9སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་ཡོད།
     མིག་སྔར་མཚོ་སྔོན་ཞིང་ཆེན་དུ་རིམ་རྩིས་བྱས་ན་འབྲེལ་ཐུག་དམ་ཟབ་བྱས་མཁན་435རྗེས་སྙེག་ཐུབ་པ་དང་། མི་68ལ་གསོ་རིག་ལྟ་ཞིབ་མེད་པར་བཟོས་པ་དང་། མི་367གྱིས་ད་དུང་གསོ་རིག་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད་པ་རེད།