འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་13ཉིན།

༄༅༎ཝུའུ་ཧན་དུ་སྒྲིག་བདེའི་སྨན་ཁང་7སྤྱོད་འགོ་ཚུགས་པས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་40ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་13ཉིན། 12:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་2ཚེས་12ཉིན་པར་བླངས་པའི་ཝུའུ་ཧན་ལུས་རྩལ་ལྟེ་གནས་ཀྱི་སྒྲིག་བདེའི་སྨན་ཁང་།
ཟླ་2ཚེས་12ཉིན་པར་བླངས་པའི་ཝུའུ་ཧན་ལུས་རྩལ་ལྟེ་གནས་ཀྱི་སྒྲིག་བདེའི་སྨན་ཁང་།
     མི་དམངས་དྲ་བའི་འཕྲིན། ཚེས་12ཉིན་གསར་འགོད་པས་ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ལས་དོན་ཡག་པོ་སྒྲུབ་ཆེད། མིག་སྔར་ཝུའུ་ཧན་གྱིས་སྒྲིག་བདེའི་སྨན་ཁང་7སྤྱོད་འགོ་ཚུགས་ཟིན་པ་དང་། ཏོག་གསར་གློ་ཚད་ཀྱི་སྨན་བཅོས་སྒྲིག་གཞི་40ལས་བརྒལ་བ། ནད་པར་ནད་བརྟག་སྨན་བཅོས་དང་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་པའི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་སྤྱོད་འགོ་ཚུགས་ཟིན་པའི་སྒྲིག་བདེའི་སྨན་ཁང་བདུན་གྱི་ནང་ཝུའུ་ཧན་ཚོམས་ཆེན་སྒྲིག་བདེའི་སྨན་ཁང་དང་། ཅང་ཧན་སྒྲིག་བདེའི་སྨན་ཁང་། ཝུའུ་ཁྲང་སྒྲིག་བདེའི་སྨན་ཁང་། ཅང་ཨམ་ཐ་ཙེ་ཧུའུ་སྒྲིག་བདེའི་སྨན་ཁང་། ཧོང་ཕོ་སྒྲིག་བདེའི་སྨན་ཁང་། ཧན་དབྱང་རྒྱལ་ཁབ་དངོས་མང་སྟོན་ཚོགས་སྒྲིག་བདེའི་སྨན་ཁང་། ཆའོ་ཁོའུ་ལུས་རྩལ་ཁང་གི་སྒྲིག་བདེའི་སྨན་ཁང་བཅས་ཚུད་ཡོད་པ་དང་། སྒྲིག་བདེའི་སྨན་ཁང་དུ་ཁྱོན་སྨན་དོན་མི་སྣ་4966ཡོད་པ་རེད། འབྲེལ་ཡོད་སྒྲིག་བདེའི་སྨན་ཁང་གིས་ཟླ་2ཚེས་6ཉིན་ནས་བཟུང་ནད་པ་བསྡུ་བཅོས་བྱེད་འགོ་ཚུགས་ཏེ་ཟླ་2ཚེས་12ཉིན་གྱི་ཆུ་ཚོད་7པའི་བར་ཁྱོན་ནད་པ་4313བསྡུ་ཉར་བྱས་པ་དང་། སྨན་ཁང་ནས་དོན་མཁན་36དང་སྨན་ཁང་བརྗེ་མཁན་305ཕུད་མིག་སྔར་ད་དུང་མི་3972སྒྲིག་བདེའི་སྨན་ཁང་ནང་བསྡུ་བཅོས་བྱས་ཡོད་པ་རེད།
     གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་གློ་ཚད་ཀྱི་ནད་གཞི་ལྕི་རིགས་བསྡུ་བཅོས་ལས་དོན་ཡག་པོ་སྒྲུབ་ཆེད། ཝུའུ་ཧན་གྲོང་ཁྱེར་ཡོངས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་40ལས་བརྒལ་བའི་ཐོག་ཧོ་ཧྲེན་ཧྲན་དང་ལེ་ཧྲེན་ཧྲན་སྨན་ཁང་བསྣན་ན། མིག་སྔར་ནད་ཁྲིའི་བསྡོམས་འབོར་ཁྲི་1.2བར་མང་དུ་ཕྱིན་ཡོད། དེ་དག་ཚང་མ་ནད་གཞི་ལྕི་རིགས་དང་ནད་གཞི་ཚབས་ཆེ་བའི་ནད་པ་བསྡུ་བཅོས་བྱེད་པར་སྤྱོད་རྒྱུ་ཡིན་པ་རེད།
     ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཁྱེར་དེ་ཡོངས་ཀྱི་ནད་ཁྲི་དེ་དག་གྲོང་ཁྱེར་རིམས་ནད་བཀོད་འདོམས་པུའུ་ཡིས་གཅིག་གྱུར་བཀོད་གཏོང་བྱེད་པ་དང་། མིག་སྔར་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཁག་གི་ལས་འགན་ཨང་དང་པོ་ནི་ནད་གཞི་གཏན་འཁེལ་བྱས་པའི་ནང་གི་ནད་གཞི་ལྕི་རིགས་དང་། ནད་གཞི་ཚབས་ཆེ་བའི་ནད་པ། དོགས་ཡོད་ནད་དཔེའི་ནང་གི་ནད་གཞི་ཚབས་ཆེ་བའི་ནད་པ་བཅས་ལ་གཅིག་སྡུད་ཐོག་སྐྱོབ་བཅོས་བྱ་རྒྱུ་དེ་རེད།
ཟླ་2ཚེས་12ཉིན་ཝུའུ་ཧན་ལུས་རྩལ་ལྟེ་གནས་ཀྱི་སྒྲིག་བདེའི་སྨན་ཁང་དུ། བཟོ་པས་ལེགས་སྒྲིག་དང་གཙང་སྦྲའི་ལས་ཀ་བྱེད་བཞིན་ཡོད།
ཟླ་2ཚེས་12ཉིན་ཝུའུ་ཧན་ལུས་རྩལ་ལྟེ་གནས་ཀྱི་སྒྲིག་བདེའི་སྨན་ཁང་དུ། བཟོ་པས་ལེགས་སྒྲིག་དང་གཙང་སྦྲའི་ལས་ཀ་བྱེད་བཞིན་ཡོད།