འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་13ཉིན།

༄༅༎ནད་དཔེ་19གསར་འཕར་བྱུང་བ། སི་ཁྲོན་དུ་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་436ཡོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་13ཉིན། 11:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་12ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ། ཟླ་2ཚེས་11ཉིན་གྱི་ཆུ་ཚོད་0ནས་24བར། སི་ཁྲོན་ཞིང་ཆེན་དུ་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་19གསར་འཕར་བྱུང་བ་དང་། དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཐོན་པའི་ནད་དཔེ་3གསར་འཕར་བྱུང་བ། འདས་གྲོངས་སོང་བའི་ནད་དཔེ་གསར་འཕར་བྱུང་མེད་པ་བཅས་རེད།    
     ནད་གཞི་གཏན་འཁེལ་བྱས་པའི་ནང་དཀར་མཛེས་ཁུལ་དུ་ནད་དཔེ་9དང་། ཏ་ཀྲོའུ་གྲོང་ཁྱེར་དུ་ནད་དཔེ་3 ནེ་ཅང་གྲོང་ཁྱེར་དུ་ནད་དཔེ་2 ཁྲེང་ཏུའུ་གྲོང་ཁྱེར་དུ་ནད་དཔེ་1 ལུའུ་ཀྲོའུ་གྲོང་ཁྱེར་དུ་ནད་དཔེ་1 མན་དབྱང་གྲོང་ཁྱེར་དུ་ནད་དཔེ་1 མེ་ཧྲན་གྲོང་ཁྱེར་དུ་ནད་དཔེ་1 དབྱི་པིན་གྲོང་ཁྱེར་དུ་ནད་དཔེ་1བཅས་ཡོད་པ་རེད།    
     དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པའི་གསར་འཕར་ནད་པའི་ཁྲོད་ཕན་ཀྲི་ཧྭ་གྲོང་ཁྱེར་དུ་ནད་པ་3ཡོད་པ་རེད།  
     ཟླ་2ཚེས་11ཉིན་གྱི་ཆུ་ཚོད་24བར་སི་ཁྲོན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བྱས་པའི་ནད་དཔེ་436གི་སྙན་ཞུ་འབུལ་བ་དེ་གྲོང་ཁྱེར(ཁུལ)21དང་། རྫོང(གྲོང་ཁྱེར་དང་ཆུས)125དང་འབྲེལ་བ་ཡོད་པ་རེད།
     ནད་རྟགས་གཏན་འཁེལ་བྱུང་བའི་ནད་པ་436ཁྲོད་སྨན་ཁང་དུ་བསྡད་དེ་ལོགས་སུ་འཇོག་ནས་སྨན་བཅོས་བྱེད་བཞིན་པའི་ནད་པ་350(དེའི་ནང་ནད་གཞི་ལྕི་བའི་ནད་པ་17)ཡོད་པ་དང་། སྨན་ཁང་ནས་དོན་པའི་ནད་པ་85   འདས་གྲོངས་སོང་བ་1བཅས་ཡོད་པ་རེད།
     ཉིན་དེར་མི་1362ལ་གསོ་རིག་ལྟ་ཞིབ་མཚམས་འཇོག་བྱས་པ་དང་། ད་ལྟ་མི་5805ཡིས་གསོ་རིག་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད་པ་རེད།