འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་13ཉིན།

༄༅༎“མཁའ་དབྱིངས”ཀྱི་སློབ་ཁྲིད་མཚོ་སྐྱོར་གྱི་སྦྲེལ་ཟམ་གསར་པར་གྱུར་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་13ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་2ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཅང་སུའུ་མཚོ་སྐྱོར་བཀོད་འདོམས་པུས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་འབྲེལ་མཐུད་བྱས་ཏེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ལ“མཁའ་དབྱིངས”ཀྱི་སློབ་ཚན་འཚོགས་ནས། དྲ་ཐོག་སློབ་སྦྱོང་བྱ་རྒྱུ་དེ་རིམས་ནད་རིང་མཚོ་ནུབ་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་ཁྲིད་བྱེད་ཐབས་ནུས་ལྡན་ཞིག་ཏུ་འགྱུར་བར་བྱས་པ་རེད།
     བཀོད་འདོམས་པུས་སྔོན་ཐོན་གྱི་ཆ་འཕྲིན་བཀོལ་སྤྱོད་ལག་རྩལ་འབྲེལ་མཐུད་བྱས་ཏེ། སློབ་གསོ་སློབ་ཁྲིད་དང་མཉམ་འདྲེས་གཏིང་ཟབ་ཀྱིས་རིམས་ནད་རིང་གི་སློབ་ཁྲིད་འཕྲལ་སྡོམ་སྔོན་ཇུས་གཏན་འབེབས་བྱས་ནས། མཚོ་ནུབ་ཀྲོའུ་ཡི་སློབ་གྲྭ་ཁག་ལ་རིན་མེད་ངང“མཁའ་དབྱིངས”ཀྱི་སློབ་ཁྲིད་ལས་སྟེགས་མཁོ་འདོན་བྱས་ཡོད། “མཁའ་དབྱིངས”ཀྱི་སློབ་ཁྲིད་ཀྱིས་སྲོལ་རྒྱུན་སློབ་ཚན་ལ་རྦད་དེ་ལད་མོ་བྱས་ནས། དགེ་རྒན་གྱིས་དམིགས་འཛུགས་གནས་སམ་ཁྱིམ་དུ་གློག་ཀླད་དང་སྒུལ་བདེའི་མཐའ་སྣེ་བརྒྱུད་སློབ་ཚན་འཁྲིད་པས། སློབ་མས་ཁྱིམ་དུ་གློག་ཀླད་དམ་ཡང་ན་སྒུལ་བདེའི་མཐའ་སྣེ་བརྒྱུད་སློབ་ཚན་ཉན་ཆོག་ལ་ཀྲོའུ་ཡོངས་ཀྱི་དགེ་སློབ་ཚང་མས་དུས་གཅིག་ཏུ་དྲ་ཐོག་ནས་སློབ་ཁྲིད་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་ཐུབ་པས། དགེ་སློབ་འདུ་འཛོམས་བྱེད་ཉུང་དུ་བཏང་སྟེ། “སློབ་གྲྭ་ནས་བྲལ་ཡང་སློབ་ཚན་ཉན་ཐུབ་པ་དང་སློབ་མཚམས་བཞག་རུང་མུ་མཐུད་སློབ་སྦྱོང་བྱེད་ཐུབ་པ”བྱུང་ཡོད།