འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་12ཉིན།

༄༅༎འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཏོག་གསར་གློ་ཚད་ལ“COVID-19”ཞེས་མིང་བཏགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་12ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་2ཚེས་11ཉིན་སུའེ་ཙེར་གྱི་ཇེ་ནེ་ཝར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ།
ཟླ་2ཚེས་11ཉིན་སུའེ་ཙེར་གྱི་ཇེ་ནེ་ཝར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ། 
     མི་དམངས་དྲ་བའི་འཕྲིན། ཚེས་11ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས་སུའེ་ཙེར་གྱི་ཇེ་ནེ་ཝར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ལ“COVID-19”ཞེས་མིང་བཏགས་པའི་ཁྱབ་བསྒྲགས་བྱས་པ་རེད། 
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སྤྱི་ཁྱབ་པུའུ་རུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཐན་ཏེ་སའེ་ཡིས“ད་ཆ་ང་ཚོས་ནད་རིགས་དེར‘COVID-19’ཞེས་མིང་བཏགས་ཡོད”། དེ་ནི་2019ལོར་གློ་བུར་དུ་ཐོན་པའི་ཏོག་དབྱིབས་ནད་དུག་གསར་པ་ལས་བྱུང་བའི་རིམས་ནད་ཀྱི་བསྡུས་མིང་རེད་ཅེས་བརྗོད། 
     ཐན་ཏེ་སའེ་ཡིས“འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། འཛམ་གླིང་སྲོག་ཆགས་འཕྲོད་བསྟེན་རྩ་འཛུགས། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་བཅས་ཀྱི་ཐུན་མོང་གི་མཛུབ་ཁྲིད་རྩ་དོན་འོག་ང་ཚོས་ངེས་པར་དུ་ས་ཁམས་གནས་ཡུལ་དང་། སྲོག་ཆགས། མི་སྒེར། ཡང་ན་མི་ཚོགས་བཅས་དང་འབྲེལ་བ་མེད་པ་དང་ཆབས་ཅིག་ཀློག་བདེ་བ་དང་འབྲེལ་ནད་གཞི་དང་འབྲེལ་བ་ཡོད་པའི་མིང་ཞིག་འཚོལ་དགོས”ཞེས་བརྗོད། 
     ཐན་ཏེ་སའེ་ཡིས་རིམས་ནད་དེར་མིང་འདོགས་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། གང་ལགས་ཤེ་ན། དེ་ནི་གནད་ལ་མི་འཁེལ་བའམ་ཡང་ན་མིང་ངན་ཅན་དུ་འགྱུར་བའི་མིང་ལས་གཡོལ་ཐུབ་དགོས་པ་དང་། དེ་དང་ཆབས་ཅིག་འབྱུང་འགྱུར་ཐོན་སྲིད་པའི་ཏོག་དབྱིབས་ནད་དུག་གི་རིམས་ནད་གཞན་དག་ལ་ཚད་གཞིའི་རྣམ་གཞག་ཅིག་མཁོ་འདོན་བྱེད་ཐུབ་པས་སོ་ཞེས་བརྗོད།
ཟླ་2ཚེས་11ཉིན་སུའེ་ཙེར་གྱི་ཇེ་ནེ་ཝར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ།
ཟླ་2ཚེས་11ཉིན་སུའེ་ཙེར་གྱི་ཇེ་ནེ་ཝར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ།