འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་12ཉིན།

༄༅༎དཀར་མཛེས་ལ་ཏོག་གསར་གློ་ཚད་ནད་པ6མང་དུ་ཕྱིན་པ་ཚང་མ་རྟའུ་ནས་ཡིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་11ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་10ཉིན་དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་2ཚེས་9ཉིན་དཀར་མཛེས་ཁུལ་དུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་གཏན་འཁེལ་བྱས་པའི་ནད་དཔེ་གསར་པ་6མང་དུ་ཕྱིན་ཡོད།
     ཟླ་2ཚེས་9ཉིན《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་སྨན་བཅོས་ཇུས་གཞིའི》གཏན་འབེབས་དང་། ནད་དཔེ་ནད་ཐོག་སྨན་བཅོས་ཀྱི་མངོན་ཚུལ་ལ་གཞིར་བཟུང་། རིམས་ནད་རིག་པའི་ལོ་རྒྱུས་དང་ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་བྱས་འབྲས་དང་ཟུང་འབྲེལ་བྱས་ཏེ། དཀར་མཛེས་ཁུལ་དུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་དཔེ་གཏན་འཁེལ་བྱས་པ་བརྒྱུད། རིགས་གཅིག་མཁས་པའི་ཚོགས་ཆུང་གིས་ནད་དཔེ་6དེ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་དཔེ་ཡིན་པ་གཏན་འཁེལ་བྱས་པ་རེད།     
     ཟླ་2ཚེས་9ཉིན་གྱི་ཆུ་ཚོད་24བར་དཀར་མཛེས་ཁུལ་དུ་རིམ་རྩིས་བྱས་ན་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་གཏན་འཁེལ་བྱས་པའི་ནད་དཔེ་23(རྟའུ་རུ་ནད་དཔེ་18དང་། དར་མདོ་རུ་ནད་དཔེ་2 གསེར་རྟར་ནད་དཔེ་2 འདབ་པར་ནད་དཔེ་1བཅས་)སྙན་སེང་ཞུས་པ་དང་། ནད་གཞི་ཚབས་ཆེ་རིགས་1སྨན་བཅོས་བྱེད་བཞིན་པ་དང་། སྲོག་ཉེན་ཡོད་པའི་ནད་དཔེ1 ནད་པ་གཞན་དག་གི་ནད་གཞི་བརྟན་པོ་ཡོད་ཅིང་། ཚང་མ་གནས་གཏན་འཁེལ་གྱི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད། དེའི་ནང་སྐྱེས་པ་ནད་དཔེ་16དང་། བུད་མེད་ནད་དཔེ་7ཡོད་པ་དང་། ལོ་ཆེ་ཤོས་ནི་ལོ་66དང་། ལོ་ཆུང་ཤོས་ནི་ལོ་13ཡིན།     
     རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱས་པའི་ནང་། མི་5ཝུའུ་ཧན་དུ་བྱེས་སྡོད་བྱེད་མྱོང་བ་དང་། མི་1གཡག་རྔ་ནས་ཕྱིར་ལོག་པ། མི་2ཁྲེང་ཏུའུ་ནས་ཕྱིར་ལོག་པ། མི་1བོད་ལྗོངས་ནས་ཕྱིར་ལོག་པ་དང་མི་14རྟའུ་རྫོང་དུ་རྒྱུན་སྡོད་བྱེད་མཁན་ཡིན་པ་དང་། ད་དུང་གསོ་རིག་ལྟ་ཞིབ་དང་ལེན་བྱེད་མཁན་མི་152ཡོད།