འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་9ཉིན།

༄༅༎ཇོ་མོ་གླང་མའི་འདབས་ཀྱི་དགུན་དུས་འབྲོག་ར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་08ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཇོ་མོ་གླང་མའི་འདབས་ཀྱི་དགུན་དུས་འབྲོག་ར།
     བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་རྫ་ཕུ་གྲོང་ཚོ་ནི་ཇོ་མོ་གླང་མའི་རི་འདབས་སུ་གནས་པ་དང་། དེ་གར་འབྲོག་པ་དུད་ཚང་56དང་ནོར་ལུག་ཆིག་ཁྲི་ལྷག་ཙམ་འཚོ་གནས་བྱེད་བཞིན་ཡོད། གྲོང་ཚོ་ཡོངས་སུ་འབྲོག་ར་མུའུ་ཁྲི་80ལྷག་ཙམ་ཡོད་པ་དེ་དག་མང་ཆེ་བ་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་གྱི་སར་གནས་ཡོད་པ་དང་། རྩྭ་ཁ་འཚོ་རེས་ཀྱི་དགོས་མཁོར་གཞིགས་ནས་རྫ་ཕུ་གྲོང་ཚོས་ཕྱུགས་དགུན་དུས་དང་དབྱར་དུས་གཉིས་སུ་འཚོ་གི་ཡོད། ལོ་རེར་ཟླ་10པ་ནས་ཕྱི་ལོའི་ཟླ་3པའི་བར། འབྲོག་པ་ཚོས་ཕྱུགས་དེད་ནས་དགུན་དུས་འབྲོག་རར་དགུན་ཁ་སྐྱེལ་བར་འགྲོ་གི་ཡོད། དགུན་དུས་འབྲོག་ར་དང་གྲོང་ཚོ་ཐག་ཉེ་བས་གངས་སྐྱོན་འབྱུང་སྐབས་སྐྱོབ་བདེ་བ་དང་ཁྱིམ་དུ་ལོ་གསར་གཏོང་བར་ཕྱིན་ནའང་སྟབས་བདེ་པོ་ཡོད་ཅིང་། འདི་ནི་འབྲོག་པས་ཇོ་མོ་གླང་མའི་རི་འདབས་ཀྱི་དགུན་དུས་འབྲོག་རར་ཕྱུགས་འཚོ་བཞིན་པ།