འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་6ཉིན།

༄༅༎བོད་ལྗོངས་སུ་ཉིན་6བསྟུད་མར་ནད་དཔེ་གསར་འཕར་དང་དོགས་ཡོད་ནད་དཔེའི་སྙན་ཞུ་འབྱོར་མེད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་06ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་5ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་པ་བརྡ་ཁྱབ་བཏང་བ་སྟེ། ཟླ་2ཚེས་4ཉིན་གྱི་ཆུ་ཚོད་24བར་བོད་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བྱས་ན་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ནད་རྟགས་གཏན་འཁེལ་བྱས་པའི་ནད་དཔེ་1དང་། ནད་གཞི་ལྕི་བའི་ནད་དཔེ་0 འདས་གྲོངས་སོང་བའི་ནད་དཔེ་0 སྨན་ཁང་ནས་དོན་པའི་ནད་དཔེ་0བཅས་ཀྱི་སྙན་ཞུ་བྱས་པ་རེད།
     མིག་སྔར། ནད་པའི་ཚེ་སྲོག་བརྟན་པོ་ཡོད་པ་དང་། རྗེས་འདེད་བྱས་པའི་རེག་ཐུག་མཁན་གྱིས་གསོ་རིག་གི་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད།
     དེར་བརྟེན། བོད་རང་སྐྱོང་ལྗོངས་སུ་ཉིན་6བསྟུད་མར་ནད་དཔེ་གསར་འཕར་དང་དོགས་ཡོད་ནད་དཔེ་ཐོན་མེད།