འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་5ཉིན།

༄༅༎མཚོ་སྔོན་ཞིང་ཆེན་གྱི་ལམ་དུམ་7གྱི་བཀག་སྡོམ་མེད་པ་བཟོས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་04ཉིན། 12:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་2ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལམ་དྲའི་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་དང་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་G6ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་ཁྲ་ཀེ་ལམ་དུམ་དང་། G215མཱ་ཉིང་ལམ་ཐིག  G227ཀྲང་མོང་ལམ་ཐིག་སོགས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་ལམ་དུམ་7བཀག་སྡོམ་བྱས་པ་དེ་ཚོའི་འགྲོ་ལམ་ཚང་མ་རྒྱུན་གཏན་ལྟར་སླར་གསོ་བྱས་ཡོད་པ་རེད།