འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་3ཉིན།

༄༅༎ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད། དམག་དཔུང་གིས་སྨན་བཅོས་སྟོབས་ཤུགས་
ཚོགས་ཆུང་བཏང་ནས་ཝུའུ་ཧན་ཧོ་ཧྲེན་ཧྲན་སྨན་ཁང་གི་སྨན་བཅོས་སྲོག་སྐྱོབ་ལས་འགན་འཁུར་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་03ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད། དམག་དཔུང་གིས་སྨན་དོན་མི་སྣ་1400བཏང་ནས་ཟླ་2ཚེས་3ཉིན་ནས་བཟུང་ཝུའུ་ཧན་ཧོ་ཧྲེན་ཧྲན་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ཆེད་ཚན་སྨན་ཁང་གི་སྨན་བཅོས་སྲོག་སྐྱོབ་ལས་འགན་འཁུར་རྒྱུ་ཡིན་པ་རེད། སྨན་ཁང་དེས་གཙོ་བོ་ནད་གཞི་གཏན་འཁེལ་བྱས་ཟིན་པའི་ནད་པ་སྐྱོབ་བཅོས་བྱས་ལ། ནད་ཁྲི་1000བཟོས་ཡོད་པ་དང་། ནད་གཞི་ལྕི་རིགས་ལ་ལྟ་སྐྱོང་བྱེད་པའི་ནད་ཁུལ་དང་། ནད་གཞི་ལྕི་རིགས་ཀྱི་ནད་ཁུལ། སྤྱིར་བཏང་གི་ནད་ཁུལ་བཅས་བཙུགས་ཡོད། འགོས་ནད་ཚོད་འཛིན་དང་། བརྟག་དཔྱད། དམིགས་བསལ་སྨན་བཅོས། འགྱེད་འཕྲོའི་ནད་དཔྱད་སོགས་གཞོགས་འདེགས་ཚན་ཁག་བཙུགས་ཡོད།
      ད་ཐེངས་བཏང་བའི་སྨན་བཅོས་སྟོབས་ཤུགས་དེ་དམག་ཡོངས་ཀྱི་སྨན་བཅོས་ཚན་པ་མི་འདྲ་བ་ནས་ཐོན་པ་ཡིན་ལ། དེའི་ནང་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་དཔུང་སྡེའི་ཁོངས་གཏོགས་སྨན་ཁང་གིས་མི་950བཏང་ཡོད་པ་དང་། སྔོན་ལ་འབྱོར་བའི་སྐམ་དམག་དམག་མིའི་གསོ་རིག་སློབ་ཆེན་དང་། མཚོ་དམག་དམག་མིའི་གསོ་རིག་སློབ་ཆེན། མཁའ་དམག་དམག་མིའི་གསོ་རིག་སློབ་ཆེན་བཅས་ཀྱི་མི་450གཅིག་གྱུར་གྱི་ཚོགས་ཆུང་ནང་བཅུག་པ་རེད། གཞན་ཡང་བཅིངས་འགྲོལ་དམག་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་དམག་དོན་ཚན་རིག་ཁང་དམག་དོན་གསོ་རིག་ཞིབ་འཇུག་ཁང་གིས་རིགས་གཅིག་མཁས་ཅན་15བཏང་ནས་མཉམ་འབྲེལ་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་ཏེ་ཡུལ་སངོས་སུ་སྨན་ཁང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་མཛུབ་ཁྲིད་བྱས་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། སྨན་དོན་མི་སྣའི་ཁྲོད་མི་མི་ཉུང་བ་ཞིག་ཞའོ་ཐང་ཧྲན་སྨན་ཁང་གིས་དམིགས་བསལ་གློ་ཚད་འགོག་པའི་ལས་འགན་དང་དེ་བཞིན་སི་ར་ལ་ཨོང་དང་ལི་པེ་རི་ཡས་ཨའེ་པོ་ལ་རིམས་ནད་ལ་འགོག་རྒོལ་བྱེད་པའི་ལས་འགན་ནང་ཞུགས་མྱོང་ཡོད་པས་འགོས་ནད་སྐྱོབ་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་ཡོད།