འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་23ཉིན།

༄༅།།ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་
འཛིན་བཀོད་འདོམས་པུའུ་ཡི་བརྡ་ཁྱབ (ཨང་རྟགས་དང་པོ)

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་23ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་ཟླ་1ཚེས་23ཉིན་གྱི་ཐོ་རེངས་གནས་ཚུལ་སྤེལ་ནས། ནུས་ཤུགས་ཡོད་རྒུས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ནུས་ལྡན་ངང་ནད་དུག་འགོ་བའི་ལམ་བུ་འགོག་པ། སེམས་ཐག་གཙང་བཅད་ཀྱིས་རིམས་ནད་ཀྱི་མགོ་བོ་འབུས་རྒྱུ་བཀག་སྡོམ་བྱེད་ནས།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇག་དང་གཟུགས་པོའི་བདེ་ཐང་ལ་འགན་ལེན་ཏན་ཏིག་བཅས་ཡོང་བ་བྱ་ཆེད། ཟླ་1ཚེས་23ཉིན་གྱི་ཆུ་ཚོད་10པའི་ཐོག་ནས། ཝུའུ་ཧན་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དང་། ས་འོག་ལྕགས་ལམ། གྲུ་གཟིངས། ཐག་རིང་འགྲུལ་སྐྱེལ་རླངས་འཁོར་བཅས་གནས་སྐབས་ལས་གཉེར་མཚམས་འཇོག་བྱ་རྒྱུ་དང་། དམིགས་བསལ་གྱི་རྒྱུ་རྐྱེན་གཞན་མེད་ཚེ། གྲོང་མི་རྣམས་ཀྱིས་ཝུའུ་ཧན་ནས་ཕྱིར་མི་འགྲོ་བ་དང་། ཝུའུ་ཧན་ནས་ཕྱིར་འགྲོ་བའི་གནམ་ཐང་དང་། མེ་འཁོར་བབས་ཚུགས་གནས་སྐབས་སྒོ་བརྒྱབ་རྒྱུ་ཡིན། སླར་གསོའི་དུས་ཚོད་ལོགས་སུ་བརྡ་ཐོ་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།