འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་10ཉིན།

༄༅༎བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་ཁྱོན་གྲོས་གཞི་357འབྱོར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་10ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
གྲོས་ཚོགས་ཀྱི་ཡུལ་དངོས།
གྲོས་ཚོགས་ཀྱི་ཡུལ་དངོས།
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་1ཚེས་9ཉིན་གྱི་ཕྱི་དྲོ་འཚོགས་པའི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་1ཚེས་8ཉིན་གྱི་ཚོགས་ཆེན་བར། ཁྱོན་གྲོས་གཞི་357འབྱོར་བ་དང་། གྲོས་གཞི་329ཐོ་འགོད་བྱས་ཤིང་། གྲོས་གཞི་11བསམ་འཆར་གྲོས་འགོ་ལ་བརྒྱུད་སྤྲོད་བྱས་པ། གྲོས་གཞི་17ཐོ་འགོད་བྱས་མེད་པ། མི་སྒེར་གྱི་གྲོས་གཞི་267བཏོན་པ། མིང་མཉམ་བཀོད་ཀྱི་གྲོས་གཞི་87བཏོན་པ་དང་མཉམ་སྡེབ་གྲོས་གཞི་3བཏོན་ཡོད་པ་རེད། 
     བོད་རང་སྐྱོང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་གྲོས་གཞི་106བཏོན་པ་དེས་32.22%བཟུང་ཡོད། འབྲེལ་ཡོད་ནང་དོན་གཙོ་བོ་ནི། ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། མིག་སྔར་བོད་ལྗོངས་ཀྱི་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ཐག་གཅོད་ཡང་དག་བྱེད་དགོས་པའི་འབྲེལ་བ་འགའ་ཞིག འགྲམ་འགག་སྒོ་དང་སྐྱིད་གྲོང་འགག་སྒོའི་ཧེ་བག་ཅན་གྱི་འཕེལ་རྒྱས། གཞིས་རྩེ་གྲོང་ཁྱེར་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་ཆེ་མོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་གྲོས་གཞི་ཡིན་པ་རེད། 
     བོད་རང་སྐྱོང་ལྗོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུ་སོགས་ལ་དམིགས་ནས་གྲོས་གཞི་49བཏོན་པ་དེས་14.89%བཟུང་ཡོད། འབྲེལ་ཡོད་ནང་དོན་གཙོ་བོ་ནི། ཕན་འབྲས་དམའ་བའི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ཕྱིར་འཐེན་ལམ་སྲོལ་འཛུགས་པ་དང་། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ནང་བོད་ལྗོངས་ཀྱི་མ་འཇོག་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ། སྤྱི་ཚོགས་རྩ་འཛུགས་ཀྱི་ཤེས་ལྡན་པ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་སོགས་ཐད་ཀྱི་གྲོས་གཞི་ཡིན་པ་རེད། 
     བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཐོན་ལས་དང་རིག་གནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་གྲོས་གཞི་91བཏོན་པ་དེས་27.66%བཟུང་ཡོད། ནང་དོན་གཙོ་བོ་ནི། བོད་ཀྱི་རོལ་དབྱངས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་འདོན་སྤེལ་བྱེད་པ་དང་། གྲོང་ཁྱེར་གྱི་སྤྱི་པའི་རིག་གནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་མགྱོགས་སུ་གཏོང་བ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཕུན་སུམ་ཚོགས་སུ་གཏོང་བ། གེ་སེར་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་གསར་སྤེལ་ལ་རྩེ་རིམ་ཇུས་འགོད་བྱེད་པ་དང་འབྲེལ་འབྲེལ་ཡོད་འཆར་འགོད་བཟོ་བ་སོགས་ཐད་ཀྱི་གྲོས་གཞི་ཡིན་པ་རེད། 
     དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་དམིགས་ནས་གྲོས་གཞི་33བཏོན་པ་དེས་10.03%བཟུང་ཡོད། དེའི་ནང་དོན་གཙོ་བོ་ནི། གཞི་རིམ་གྱི་འཕྲོད་བསྟེན་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་། གློག་སྒུལ་རླངས་འཁོར་ལ་བྱང་བུ་བཀེལ་ནས་འགྲིམ་འགྲུལ་དོན་རྐྱེན་ཇེ་ཉུང་དུ་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་བ། སྤྱི་པའི་འགྲིམ་འགྲུལ་ལེགས་བཅོས་དང་སྤྱི་སྤྱོད་ཀྱི་ཆེད་སྤྱོད་འཁོར་ལམ་གྱི་བེད་སྤྱོད་ཚད་མཐོ་རུ་གཏོང་བའི་གྲོས་འགོ་སོགས་ཐད་ཀྱི་གྲོས་གཞི་ཡིན།
     བོད་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ་སོགས་ལ་དམིགས་ནས་གྲོས་གཞི་50བཏོན་པ་དེས་15.20%བཟུང་ཡོད། ནང་དོན་གཙོ་བོ་ནི་བོད་རང་སྐྱོང་ལྗོངས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེའི་དོ་དམ་སྲོལ་ཡིག་གང་མགྱོགས་ཀྱིས་འདོན་པ་དང་། གད་སྙིགས་རིགས་དབྱེ་དོན་འཁྱོལ་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། བོད་རང་སྐྱོང་ལྗོངས་ཀྱིས་འགྱིག་བཟོས་ཐོན་རྫས་ཀྱི་གད་སྙིགས་དཀར་པོས་སྦགས་བཙོག་བཟོ་རིགས་གཏན་འགོག་བྱེད་པ་སོགས་ཀྱི་གྲོས་གཞི་ཡིན་པ་རེད། 
     ཨུ་ཡོན་ཚོས་ད་དུང་དམག་མི་དང་དམག་མིའི་ནང་མིར་གཟིགས་སྐྱོང་དང་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨན་བཟོད་ཅན་གྱི་འདུས་འདྲིལ་གཅོང་ནད་ཕོག་པའི་མི་ཚོགས་རིན་མེད་སྨན་བཅོས་བྱེད་ཁོངས་སུ་འཇུག་པ། གོམ་གང་མདུན་སྤོས་ཀྱིས་མི་རེའི་ཆ་སྙོམས་ཁོར་ཡུག་བཅོས་སྒྲིག་ལས་དོན་ལེགས་སུ་གཏོང་བ། བོད་ལྗོངས་ཀྱི་བྱིས་པའི་སློབ་གསོའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་ཚད་ཅུང་མཐོ་བའི་གནད་དོན་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
【1】  【2】
གྲོས་ཚོགས་ཀྱི་ཡུལ་དངོས།
གྲོས་ཚོགས་ཀྱི་ཡུལ་དངོས།