འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་7ཉིན།

༄༅།།ཨོ་སི་ཁྲུ་ལི་ཡའི་ནགས་ཚལ་མེ་ཤོར་བ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་07ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨོ་སི་ཁྲུ་ལི་ཡའི་ནགས་ཚལ་མེ་ཤོར་བ།
   མི་དམངས་དྲ་བའི་འཕྲིན། ཨོ་སི་ཁྲུ་ལི་ཡའི་ས་ཁུལ་མང་པོའི་ནགས་ཚལ་ལ་མེ་སྐྱོན་ཚབས་ཆེན་བྱུང་བ་བསྟུད་མར་ཟླ་ཁ་ཤས་སོང་ཡོད་ཅིང་། སྡོམ་རྩིས་གསར་ཤོས་ལས་མངོན་གསལ། མིག་སྔར་ཨོ་སི་ཁྲུ་ལི་ཡ་རྒྱལ་ཡོངས་སུ་མེ་ཤོར་ས་བརྒྱ་ལས་བརྒལ་ཞིང་། ཚེས་6ཉིན། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་མོ་རུའེ་སན་གྱིས་རྒུད་སྐྱོབ་དང་བསྐྱར་སྐྲུན་གྱི་ལས་དོན་མཐུན་སྦྱོར་བྱེད་པའི་ལས་ཁུངས་གསར་པ་ཞིག་འཛུགས་རྒྱུ་ཁྱབ་བསྒྲགས་བྱས། ཨོ་སི་ཁྲུ་ལི་ཡའི་དམག་དཔུང་གིས་ཀྱང་གྲ་སྒྲིག་དམག་མི་བཏང་ནས། ཆེད་ལས་མི་སྣ་དང་མཉམ་དུ་རྒུད་སྐྱོབ་བྱས་པ་རེད། འདི་ནི་2019ལོའི་ཟླ་12ཚེས་21ཉིན། ཨོ་སི་ཁྲུ་ལི་ཡའི་ཝེར་སི་གསར་ལྷོ་མངའ་སྡེའི་རི་སྔོན་ས་ཁུལ་དུ་གྲོང་མིས་རྒྱང་ནས་རི་མེ་ཤོར་བར་ལྟ་བཞིན་པ། 
【1】  【2】
༄༅།།ཨོ་སི་ཁྲུ་ལི་ཡའི་ནགས་ཚལ་མེ་ཤོར་བ།