འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་24ཉིན།

༄༅༎ལུག་ཤའི་ཁུ་བས་ཁོར་ཡུག་འཕྲོད་བསྟེན་བཟོ་པར་དྲོ་སྐྱིད་སྦྱིན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་24ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་12ཚེས་22ཉིན་ནི་དགུན་ཉི་ལྡོག་པའི་ཉིན་ཡིན་ཞིང་། སི་ཁྲོན་དུ་ལུག་ཤའི་ཁུ་བ་འཐུང་སྲོལ་ཡོད། ཁྲེང་ཏུའུ་གྲོང་ཁྱེར་ཧྲོང་ལིའུ་ཆུས་ཧོང་ཅ་ཁྲོམ་གཞུང་གི་ཏང་ཡོན་དང་བླངས་པ་100ལྷག་ཙམ་གྱིས་ཁོངས་གཏོགས་ཁུལ་གྱི་ལུག་ཤ་ཚོང་ཁང་དང་སྡེ་ཁུལ་གྱི་གཅེས་སེམས་འབུལ་མཁན་ཁེ་ལས་དང་མཉམ་འབྲེལ་བྱས་ཏེ“དགུན་དུས་ལུག་ཤའི་ཁུ་བ་སྐྱེལ་བའི་བྱ་སྤྱོད”ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་ཁོར་ཡུག་འཕྲོད་བསྟེན་བཟོ་པ་བརྒྱ་ཙམ་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་40ལྷག་ཙམ་ལ་ལུག་ཤའི་ཁུ་བ་ཚ་སོབ་སོབ་བསྐྱལ་བ་དང་ཧོང་ཅ་ཁྲོམ་གཞུང་དུ་དགུན་ཉི་ལྡོག་པའི་ཉིན་ལུག་ཤའི་ཁུ་བ་སྐྱེལ་བའི་གཅེས་སེམས་བྱ་སྤྱོད་ལོ་11མཐའ་འཁྱོངས་བྱས་ཡོད།