འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་23ཉིན།

༄༅།།ཧོ་པེ་ཆིང་ཧོང་ཏའོ་ཡིས་ལག་རྩལ་སྒྱུར་བཀོད་ལ་བརྟེན་ནས་ཐོན་ལས་རྙིང་པར་གསོན་ཤུགས་
གསར་པ་འཕེལ་བ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་23ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཧོ་པེ་ཞིང་ཆེན་ཆིང་ཧོང་ཏའོ་གྲོང་ཁྱེར་ཧའེ་ཀང་ཆུས་སུ་ཡོད་པའི་ཀྲུང་གོའི་ཡའོ་ཧྭ་ཤེལ་སྒོ་ཚོགས་པ་ཚད་ཡོད་ཀུང་སི་དེ་1922ལོར་བཙུགས་པ་ཞིག་རེད། ཀུང་སི་དེ་ནི་ཨེ་ཤེ་ཡའི་འཕྲུལ་མིར་བརྟེན་ནས་ངོས་སྙོམས་ཤེལ་སྒོ་བསྟུད་མར་ཐོན་སྐྱེད་བྱེད་མཁན་ཁེ་ལས་འབའ་ཞིག་དེ་ཡིན་པས“ཀྲུང་གོའི་ཤེལ་སྒོའི་བཟོ་ལས་ཀྱི་འབྱུང་གནས”ཞེས་འབོད་སྲོལ་ཡོད། 2017ལོར་ཆིང་ཧོང་ཏའོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་། ཀྲུང་གོ་འཛུགས་སྐྲུན་རྒྱུ་ཆ་ཁའེ་ཧྲེང་ཚན་རྩལ་ཚོགས་པའི་དབར་གཏན་འཁེལ་བྱུང་བའི་ཡའོ་ཧྭ་ཚོགས་པའི“བསགས་འབོར་ལེགས་གཏོང་དང་ཐོན་འཕར་འཕེལ་རྒྱས”ཀྱི་རྩ་དོན་དང་རྒྱལ་ཁབ་ཐོན་ནུས་བརྗེ་སྒྱུར་གྱི་བླང་བྱ་ལྟར། ཡའོ་ཧྭ་ཚོགས་པས་300t/dདང་400t/dཡི་ཁ་གཡེང་རྣམ་པའི་ཤེལ་སྒོ་ཐོན་སྐྱེད་ལས་རིམ་གྱི་ཐོན་ནུས་གཉིས་ལ་1.25བསྡུར་1གི་ཐོག་ནས“ཐོན་འཕྲི་བརྗེ་སྒྱུར”བྱས་རྗེས་560t/dདྲ་ཐོགLOW-Eཡི་ནུས་གྲོན་རྣམ་པའི་ཤེལ་སྒོའི་རིག་ལྡན་བཟོ་སྐྲུན་ལག་རྩལ་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་པ་རེད།