འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་16ཉིན།

༄༅།།རྔ་བ་དང་དཀར་མཛེས་ལ་“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ”གྱི་
མིང་བཏགས་ཡོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་16ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་15ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་གསལ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར་སྤྱི་བསྒྲགས་སྤེལ་དོན། རྔ་བ་ཁུལ་དང་དཀར་མཛེས་ཁུལ་ལ་“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་”ཞེས་མིང་འདོག་རྒྱུ་ཐག་བཅད་པ་དང་། ད་བར་དུ། སི་ཁྲོན་ཞིང་ཆེན་ལ་རྔ་བ་དང་དཀར་མཛེས། ལའེ་ཧྲང་བཅས་རང་སྐྱོང་ཁུལ་3ཚང་མ་བདེ་བླག་ངང་“རྒྱལ་ཡོངས་མི་རིགས་མཐུན་སྒྲུལ་དཔེ་སྟོན་ཁུལ”བསྐྲུན་ཟིན་པ་རེད། “འདི་ནི་སི་ཁྲོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་དོན་ནང་དུ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཚད་བརྒལ་ཞིག་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཏོན་པའི་དམིགས་ཡུལ་འོས་འགན་ལེགས་འགྲུབ་བྱུང་བ་རེད།”ཅེས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བཤད། 
     རྔ་བ་དང་། དཀར་མཛེས་ནི་རྒྱལ་ཡོངས་ཀྱི་བོད་རིགས་འདུས་སྡོད་ཁུལ་ཨང་གཉིས་པ་ཡིན་ལ། རྒྱལ་ཡོངས་ཆའང་རིགས་ཀྱི་འདུས་སྡོད་ཁུལ་གཙོ་བོ་ཞིག་ཀྱང་རེད། བོད་དང་རྒྱ། ཆའང་། དབྱིས། ཧུའེ་སོགས་མི་རིགས་གནས་འདིར་འཚོ་སྡོད་བྱས་ཡོད་ཅིང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་འོག་ཁུལ་གཉིས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འོད་སྟོང་ལྡན་པའི་རྩོམ་གསར་འབྲི་བཞིན་ཡོད། 
    ཉིན་དེར། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ད་དུང་《རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་(སྡེ་ཚན་)ཁག་བདུན་པ་མིང་འདོག་པའི་སྐོར་གྱི་ཆོད་དོན》སྤྱི་བསྒྲགས་བྱས་པ་དང་། སི་ཁྲོན་ཞིང་ཆེན་གྱི་ས་ཁུལ་(སྡེ་ཚན) 7ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་(སྡེ་ཚན་)ཁག་བདུན་པའི་མིང་བཏགས་ཡོད་ཅིང་། སོ་སོ་ནི་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར། དཀར་མཛེས་ཁུལ་འདབ་པ་རྫོང་། མན་དབྱང་གྲོང་ཁྱེར་ཁྲོན་བྱང་ཆའང་རིགས་རང་སྐྱོང་རྫོང་། གཡག་རྔ་གྲོང་ཁྱེར་ཧྲི་མན་རྫོང་ཨན་ཧྲུན་དབྱིས་རིགས་ཤང་། ཕན་ཀྲི་ཧྭ་གྲོང་ཁྱེར་ཤར་ཁུལ་དབྱིང་ཅང་ཨ་ཧྲུའུ་ཏཱ་གྲོང་ཚོ། ཁྲེན་ཏུའུ་གྲོང་ཁྱེར་ཝུའུ་ཧའོ་ཆི་ཅིན་དབྱང་སྲང་ལམ་ཅི་ཧྥུུའུ་སྡོད་ཁུལ། བདེ་དབྱང་གྲོང་ཁྱེར་ཅིང་དབྱང་སྲང་ལམ་ཡན་ཐང་པ་སྡོད་ཁུལ་བཅས་རེད།