འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་13ཉིན།

༄༅།།ཡུན་ནན་བདེ་ཆེན་གྱི་ཉི་འོད་གསེར་རིར་འཕྲོས་པའི་མཛེས་ལྗོངས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་13ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཡུན་ནན་བདེ་ཆེན་གྱི་ཉི་འོད་གསེར་རིར་འཕྲོས་པའི་མཛེས་ལྗོངས།
    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་9ཉིན་གྱི་ཞོགས་པར། ཞོགས་པའི་ཉི་ཟེར་གྱིས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གི་ཁ་བ་དཀར་པོ་གསེར་མདོག་ཏུ་བསྒྱུར་ཞིང་། “ཉི་འོད་གསེར་རིར་འཕྲོས་པ”ལྟ་བུའི་ལྟ་བས་མི་ངོམ་པའི་མཛེས་ལྗོངས་ཤིག་མངོན། 
    ཁ་བ་དཀར་པོ་ནི་ལྷོ་བྱང་བརྒྱུད་པའི་གངས་རིའི་ཚོགས་ཤིག་ཡིན་པ་དང་། རིང་ཚད་ལ་སྤྱི་ལེ་150ཡོད་པའི་ཁྲོད་གངས་རི་མཐོ་ཤོས་“ཁ་བ་དཀར་པོ”ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6740ཡོད་ཅིང་། ཡུན་ནན་ཞིང་ཆེན་གྱི་ཆེས་མཐོ་བའི་རི་དེ་རེད། ནམ་ཟླའི་རྐྱེན་གྱིས། ཁ་བ་དཀར་པོ་ནི་ལོ་འཁོར་མོར་ཁ་བ་དང་སྤྲིན་པས་གཡོགས་ནས་ཡོད། “ཉི་འོད་གསེར་རིར་འཕྲོས་པ་”ལྟ་བུའི་མཛེས་ལྗོངས་ནི་མཐོང་བ་དཀོན་པ་ཞིག་རེད། 
【1】  【2】  【3】  【4】
༄༅།།ཡུན་ནན་བདེ་ཆེན་གྱི་ཉི་འོད་གསེར་རིར་འཕྲོས་པའི་མཛེས་ལྗོངས།