འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་9ཉིན།

༄༅།།“གློག་ཤུགས་མཁའ་ལམ”ཐོག་གི་“དངོས་པོ་སྐྱེལ་མཁན།"

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་09ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།“གློག་ཤུགས་མཁའ་ལམ”ཐོག་གི་“དངོས་པོ་སྐྱེལ་མཁན།"
     མི་དམངས་དྲ་བའི་འཕྲིན། 2019ལོའི་ཟླ་9པར་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་བོད་ལྗོངས་མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་ནི་ད་ལྟའི་བར་དུ་འཛམ་གླིང་ཐོག་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆེས་མཐོ་བའི་གློག་འདྲེན་ལས་གྲྭ་ཞིག་རེད། གཞིས་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་ཀྱི་གློག་དྲ་སྐྲུན་ཡུལ་དངོས་སུ། རྒྱ་མཚོའི་ངོས་ལས་ས་བབས་མཐོ་བ་དང་། གཡང་གཟར་བ། དེའི་ཁར་ས་མཐོ་ལ་གསོ་རླུང་མི་འདང་བ་དང་། རྡོ་དང་ཨར་འདམ་སོགས་འཛུགས་སྐྲུན་རྒྱུ་ཆ་རླངས་འཁོར་གྱིས་རི་འདབས་སུ་སྐྱེལ་རྗེས། དེ་ནས་རྟ་དྲེལ་རུ་ཁག་གིས་རི་རྩེའི་ལྕགས་སྒྲོམ་གྱི་རྩིག་རྨང་འཛུགས་སྐྲུན་གྱི་ཡུལ་དངོས་སུ་སྐྱེལ་དགོས་ཀྱི་ཡོད་པ་རེད།
    ངོ་སྤྲད་བྱས་པར་གཞིགས་ན། ལས་གྲྭ་དེ་ནི་གཞིས་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་ཀྱི་རྡོ་གླིང་སྟོང་ཧྥུའུ་220གློག་སྒྱུར་ས་ཚིགས་ནས་འགོ་བརྩམས་པ་དང་།  མངའ་རིས་ས་ཁུལ་གྱི་སྒར་རྫོང་འབར་གྱི་སྟོང་ཧྥུའུ་220གློག་སྒྱུར་ཆ་ཚིགས་བར་ཡིན་ཞིང་། བོད་ལྗོངས་ཀྱི་རྫོང་དང་ཆུས་10བརྒལ་ཡོད་པ་དང་། ལྕགས་སྒྲོམ་གནས་སར་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་4572ཡོད་པ་དང་།  ས་བབས་མཐོ་ཤོས་ལ་སྨི་5357ཡོད་ཅིང་། བར་བརྒལ་གྱི་ས་བབ་རྙོག་འཛིང་ཆེ་ལ། ཨར་སྐྲུན་བྱེད་ཡུལ་གྱི་ཁོར་ཡུག་ཧ་ཅང་སྡུག་པོ་ཡོད་པས། དཀའ་ཚེགས་ཧ་ཅང་ཆེ་བའི་“གློག་ཤུགས་མཁའ་ལམ་”ཞིག་རེད། རྣམ་གྲངས་དེ་2021ལོར་སྐྲུན་ཟིན་པ་བྱས་ནས་སྤྱོད་རྒྱུ་ཡིན་པ་དང་།  སྐྲུན་ཟིན་རྗེས་མངའ་རིས་ཀྱི་གློག་དྲ་དུས་ཡུན་རིང་པོའི་ནང་ཁེར་རྐྱང་ངང་འཁོར་སྐྱོད་བྱེད་པའི་ལོ་རྒྱུས་མཇུག་སྒྲིལ་རྒྱུ་ཡིན་པ་རེད།
【1】  【2】
༄༅།།“གློག་ཤུགས་མཁའ་ལམ”ཐོག་གི་“དངོས་པོ་སྐྱེལ་མཁན།"