འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་7ཉིན།

༄༅།།སློབ་གསོ་པུས། འབྲིང་རིམ་ལས་རིགས་སློབ་གྲྭས་གཏན་འབེབས་ལྟར་བསམ་བློ་ཆབ་སྲིད་
ཀྱི་ངེས་སྦྱོང་སློབ་ཚན་བཀོད་སྒྲིག་ཡག་པོ་བྱེད་དགོས་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་07ཉིན། 12:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་སློབ་གསོ་པུས་དུས་རབས་གསར་པའི་འབྲིང་རིམ་ལས་རིགས་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཁྱབ་བསྒྲགས་བྱས་ཏེ་འབྲིང་རིམ་ལས་རིགས་སློབ་གྲྭས་གཏན་འབེབས་ལྟར་བསམ་བློ་ཆབ་སྲིད་ཀྱི་ངེས་སྦྱོང་སློབ་ཚན་བཀོད་སྒྲིག་ཡག་པོ་བྱེད་པ་དང་འབྲེལ་གཏན་འབེབས་ལྟར་རྒྱལ་ཁབ་ཀྱི་གཅིག་གྱུར་སློབ་གཞི་སྤྱོད་དགོས་པ་དང་། སྤྱི་པའི་རྨང་གཞིའི་སློབ་ཚན་དང་། ཆེད་ལས་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན། དངོས་སྦྱོང་བཅས་ཀྱི་ཁྲོད་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ནང་དོན་ཁྱབ་པར་བྱས་ཏེ་མི་སྐྱོང་མཉམ་སྒྲུབ་ཀྱི་ཕན་ནུས་ཆགས་པར་བྱེད་དགོས་པ་བཏོན་ཡོད།
    བསམ་འཆར་ནང་2020ལོར་སླེབས་སྐབས། “མི་སྐྱོང་གསུམ་ཚང”གི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་སློབ་གྲྭ་བརྒྱ་ལྷག་བདམས་ནས་ས་ཁོངས་ནང་གི་སློབ་གྲྭ་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཀུན་སྤྱོད་སློབ་གསོའི་རྐང་འཛིན་དོ་དམ་པ་དང་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ཆེད་བསྐོས་དགེ་རྒན་ཁྲི་ལྷག་ཙམ་ལ་གསོ་སྦྱོང་བྱེད་པ་དང་། སྐད་གྲགས་ཆེ་བའི་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་དོན་ཁང་བརྒྱ་ལྷག་ཙམ་དང་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་གསར་གཏོད་ཚོགས་པ་སྟོང་ལྷག་ཙམ་འདེམས་པ་བཅས་བྱས་ནས་ཀུན་སྤྱོད་སློབ་གསོའི་ལས་ཀའི་དཔུང་ཁག་གི་བྱང་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཀུན་སྤྱོད་སློབ་གསོའི་ཁྱད་ཆོས་ལྡན་པའི་དཔེ་མཚོན་བརྒྱ་ལྷག་ཙམ་འདེམས་པ་དང་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དཔེ་སྟོན་སློབ་ཁང་ཁྲི་ལྷག་ཙམ་བཙུགས་ནས་དཔེ་མཚོན་གྱི་བྱེད་སྟངས་དང་སྔོན་ཐོན་གྱི་ཉམས་མྱོང་ཁྱབ་སྤེལ་གཏོང་དགོས་པ་ཁ་གསལ་བཏོན་ཡོད།
    བསམ་འཆར་ནང་། ཤེས་ལྡན་པ་གསོ་སྐྱོང་གི་ཇུས་གཞིའི་ནང་ངལ་རྩོལ་སློབ་གསོ་བཅུག་ནས་སློབ་གྲྭའི་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་འཇུག་དགོས། ངལ་རྩོལ་སློབ་གསོའི་ངེས་སྦྱོང་སློབ་ཚན་ཇུས་འགོད་བྱེད་པ་དང་དངོས་སྦྱོང་སློབ་ཚན་གཞི་རྟེན་གཙོ་བོ་བྱས་ཏེ་ངལ་རྩོལ་སློབ་གསོ་སྤེལ་དགོས། དེའི་ནང་ངལ་རྩོལ་གྱི་སྙིང་སྟོབས་དང་། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་ཀྱི་ཆེད་དོན་སློབ་གསོའི་སློབ་དུས་ཆུ་ཚོད་16ལས་མི་ཉུང་བ་བྱེད་དགོས་པ་བཏོན་ཡོད།
     གཞན་ཡང་། བསམ་འཆར་ནང་སློབ་གྲྭ་འབྲིང་ཆུང་དང་མཉམ་འབྲེལ་བྱས་ཏེ་ངལ་རྩོལ་དང་ལས་རིགས་ཀྱི་བློ་སྒོ་འབྱེད་པའི་སློབ་གསོ་སྤེལ་ཏེ་ལག་སྒུལ་ལག་ལེན་ནང་དོན་དེ་འབྲེལ་ཡོད་སློབ་ཚན་དང་སློབ་མའི་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་ནང་བཅུག་ནས་སློབ་མར་ངལ་རྩོལ་བྱས་ན་གཟི་བརྗིད་ལྡན་པ་དང་། རྩལ་ནུས་ནི་རྩ་ཆེན། རླབས་ཆེན་གཏོད་པ་བཅས་ཀྱི་འདུ་ཤེས་འཇགས་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་བཏོན་ཡོད།