འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་5ཉིན།

༄༅།།རང་རྒྱལ་གྱི་གྲུ་སྤྱོད་འབར་རྒྱུ་ཆིང་གི་གློག་རྫས་མ་ལག་ཞིབ་སྤེལ་ལ་ཚད་བརྒལ་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་05ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཝུའུ་ཧན་ནས་ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོའི་གྲུ་གཟིངས་ཞིབ་འཇུག་སུའོ་712ནས་ཤེས་རྟོགས་བྱུང་བར། ཧྲང་ཧའེ་རྒྱལ་སྤྱིའི་མཚོ་དོན་འགྲེམས་ཚོགས་སྐབས་ཉི་ཤུ་པའི་ཐོག་སུའོ་དེས་ཞིབ་བཟོ་དང་། རང་བརྟེན་ཤེས་བྱའི་བདག་དབང་ཆ་ཚང་ཡོད་པའི་500KWརིམ་པའི་གྲུ་སྤྱོད་འབར་རྒྱུ་ཆིང་གི་གློག་རྫས་མ་ལག་དངོས་སུ་ཕྱི་ཕྱོགས་ལ་བཏོན་པ་དང་། ཐོན་རྫས་དེའི་ལྟེ་བའི་ཙུའུ་ཡི་ལྷུ་ལག་སྤྱིར་ན་རང་བརྟེན་ཚོད་འཛིན་ཐུབ་ནས་འགག་རྩའི་ནུས་པའི་སྟོན་གྲངས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཏེ་ཁྱབ་ཁོངས་དེའི་རྒྱལ་ནང་གི་སྟོང་ཆ་བསྐངས་པ་རེད།
     རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར། འབར་རྒྱུ་ཆིང་གི་གློག་རྫས་མ་ལག་ལ་ནུས་ཚད་གཞན་སྒྱུར་གྱི་ལས་ཕྱོད་ཆེ་བ་དང་། འདར་འགུལ་གྱི་འཛེར་སྒྲ་ཆུང་བ། འབུད་གཏོང་དང་སྦགས་བཙོག་མེད་པའི་ལེགས་ཆ་བཅས་ལྡན་པ་དེ་ནི་ལག་རྩལ་མཐོ་བའི་གྲུ་གཟིངས་འབྱུང་འགྱུར་འཕེལ་རྒྱས་གཏོང་བའི་ཕུགས་བསམ་ལྡན་པའི་སྒུལ་ཤུགས་ཀྱི་ནུས་རྒྱུའི་སྒྲིག་ཆས་ཤིག་ཡིན་པ་དེ་བེད་སྤྱོད་སྣ་ཚོགས་ཀྱི་གྲུ་གཟིངས་ལ་སྤྱོད་ཐུབ་པ་དེའི་ནང་སྤྲོ་གསེང་གྲུ་གཟིངས་དང་། གཞུང་དོན་གྲུ་གཟིངས། ཉ་གྲུ། ཟོག་འདྲེན་གྲུ་གཟིངས་སོགས་ཡོད་པ་རེད།