འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་4ཉིན།

༄༅།།བོད་ལྗོངས་ཞིབ་བཤེར་ལས་ཁུངས་ཀྱིས་ཧྥུང་ཝུན་ཡུང་འཛིན་བཟུང་བྱ་རྒྱུ་ཐག་བཅད། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་04ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་བཤེར་ལས་ཁུངས་ནས་ཤེས་རྟོགས་བྱུང་གསལ། བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུད་ཀྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི། ཅུད་ཀྲང་ཧྥུང་ཝུན་ཡུང་(ཐིང་རིམ་པ)ལྐོག་རྔན་བླངས་པའི་གྱོད་གཞིར་བོད་རང་སྐྱོང་ལྗོངས་ལྟ་བཤེར་ཨུ་ཡོན་ལྷན་ཁང་གིས་བརྟག་ཞིབ་བྱས་མཐར། ཞིབ་དཔྱོད་ལས་ཁུངས་སུ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཧྥུང་ཝུན་ཡུང་ཁྲིམས་བཞིན་འཛིན་བཟུང་བྱ་རྒྱུ་ཐག་གཅོད་བྱས་པར་མ་ཟད། ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་དམིགས་བཙུགས་བྱས་ཡོད། གྱོད་གཞི་དེ་ད་ལྟ་ཞིབ་བཤེར་བྱེད་བཞིན་པའི་སྒང་ཡིན།