འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་4ཉིན།

༄༅།།ཚ་ལུ་མ་བཏབ་ནས་ཕྱུག་པོར་གྱུར་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་04ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཟླ་11པར་བོད་ལྗོངས་སྨར་ཁམས་རྫོང་གི་ཁམས་པའི་ཚ་ལུ་མར་ཐོན་འབབ་ལེགས་པོ་བྱུང་ཡོད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་སྨར་ཁམས་རྫོང་གིས་འགྲིམ་འགྲུལ་དང་ཁོར་ཡུག་གི་ལེགས་ཆར་བརྟེན་ནས་རྫ་ཆུའི་འགྲམ་གྱི་གནམ་གཤིས་ཀྱི་ཆ་རྐྱེན་ལེགས་པའི་ཆུ་ཚན་ཁ་དང་། འཇང་། རྨོག་ཤོད་སོགས་གྲོང་རྡལ་དུ་ཁམས་པའི་ཚ་ལུ་མ་འདེབས་རྒྱུ་ཁྱབ་གདལ་བཏང་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་བཏང་བ་རེད།
      མིག་སྔར། སྨར་ཁམས་རྫོང་གི་ཁམས་པའི་ཚ་ལུ་མའི་འདེབས་ཁྱོན་མུའུ་3452.13ཟིན་པ་དང་ཆ་སྙོམས་མུའུ་རེའི་ཐོན་ཚད་རྒྱ་མ་2000ཟིན་ནས་རྫོང་ཡོངས་ཀྱི་དུད་ཚང་725ཡི་མི་3570ཚ་ལུ་མ་འདེབས་འཛུགས་དང་། ལས་སྣོན། ཕྱིར་ཚོང་སོགས་ལྷུ་ཚིགས་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པས་འདི་ལོ་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་3.8ཙམ་བྱུང་བ་རེད།