འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་3ཉིན།

༄༅།།ནེ་པ་ལ་གཞུང་གིས་མངགས་པའི་སློབ་མས་བོད་ལྗོངས་སུ་མཐའ་མཚམས་ནས་འགྲོ་འོང་གི་
ཞབས་ཞུ་དང་དོ་དམ་གྱི་སློབ་སྦྱོང་སྤེལ་རེས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་03ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ནེ་པ་ལ་གཞུང་གིས་མངགས་པའི་སློབ་མས་བོད་ལྗོངས་སུ་མཐའ་མཚམས་ནས་འགྲོ་འོང་གི་
ཞབས་ཞུ་དང་དོ་དམ་གྱི་སློབ་སྦྱོང་སྤེལ་རེས་བྱས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་1ཉིན། དུས་ཡུན་གཟའ་འཁོར་གཅིག་གི་“2019ལོའི་ནེ་པ་ལའི་རྒྱལ་མཚམས་ནས་འགྲོ་འོང་གི་ཞབས་ཞུ་དང་དོ་དམ་གྱི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་”ལྷ་སའི་ས་ཚུགས་ཀྱི་སློབ་སྦྱོང་ཟླ་12ཚེས་1ཉིན་མཇུག་སྒྲིལ་ཞིང་། ནེ་པ་ལའི་ནང་སྲིད་པུའུ་དང་། འགག་སྒོ་ལས་ཁུངས་།  གནས་སྤོས་ཡུལ་མི་ཅུས་བཅས་ནས་ཡོང་བའི་སློབ་མ་ཁྱོན་26ཟབ་སྦྱོང་འཛིན་གྲྭར་ཞུགས་ཡོད། དེ་རྗེས། ཁོང་ཚོ་ཡུན་ནན་གྱི་ཁུན་མིང་གྲོང་ཁྱེར་དུ་བསྐྱོད་ནས་གོ་རིམ་རྗེས་མའི་སློབ་སྦྱོང་བྱ་རྒྱུ་རེད།
 ཐེངས་འདིའི་བྱེད་སྒོ་བོད་ལྗོངས་སློབ་གྲྭ་ཆེན་མོས་གཉེར་བ་དང་།  སློབ་གྲྭ་དེ་ནི་བོད་ལྗོངས་ཀྱི་ཀྲུང་གོ་ཚོང་དོན་པུས་ཕྱི་ཕྱོགས་ལ་རོགས་སྐྱོར་གྱི་གསོ་སྦྱོང་ཐོབ་ཐང་སྤྲད་པའི་སྡེ་ཁག་ཅིག་པུ་དེ་ཡིན་ཞིང་། བོད་ལྗོངས་སློབ་ཆེན་གྱི་ཕྱི་ཕྱོགས་ལ་རོགས་སྐྱོར་གྱི་གསོ་སྦྱོང་རྣམ་གྲངས་ཀྱི་སྤྱི་ཁྱབ་འགན་འཁུར་བ་དགེ་རྒན་ཆེན་མོ་བ་ཐུབ་བསྟན་མཁས་གྲུབ་དང་ཚོགས་པས་དེ་སྔོན་“ནེ་པ་ལའི་འགག་སྒོའི་དཔོན་རིགས་ཀྱི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་”དང་“ནེ་པ་ལའི་སྲོག་ཆགས་གསོ་ཚགས་ལག་རྩལ་གསོ་སྐྱོང་འཛིན་གྲྭ”བཅས་གཉེར་རོགས་བྱེད་མྱོང་ཡོད།
    བོད་ལྗོངས་སློབ་ཆེན་གྱི་རྒྱུན་མཐུད་སློབ་གསོའི་སློབ་གླིང་གི་ཡོན་ཀྲང་འཇམ་དབྱངས་རྣམ་རྒྱལ་གྱིས། “2019ལོའི་ནེ་པ་ལའི་མཐའ་མཚམས་འགྲོ་འོང་གི་ཞབས་ཞུ་དང་དོ་དམ་གྱི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ”ནི་ནེ་པ་ལ་སྲིད་གཞུང་གིས་ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བརྒྱུད་གྲོས་འགོ་བཏོན་པའི་རྣམ་གྲངས་ཤིག་ཡིན་ཞིང་། ཀྲུང་གོའི་རྒྱལ་ཁབ་རྒྱལ་སྤྱི་མཉམ་ལས་འཕེལ་རྒྱས་ཧྲུའུ་ཡིས་རྣམ་གྲངས་ལ་ཆོག་མཆན་སྤྲད་ནས་བཙུགས་པ་དང་། བོད་ལྗོངས་སློབ་ཆེན་གྱིས་གཉེར་འགན་འཁུར་བ།  བོད་ལྗོངས་དགེ་ལས་ཐེབས་རྩ་ཚོགས་པས་གཉེར་རོགས་བྱས་པའི་2019ལོའི་ནེ་པ་ལར་རོགས་སྐྱོར་བྱེད་པའི་གསོ་སྐྱོང་རྣམ་གྲངས་ཤིག་རེད་ཅེས་ངོ་སྤྲོད་བྱས་ནས་བརྗོད་པ་རེད།
     ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་འདིར་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་། ལྷ་ས་འགག་སྒོ་ལས་ཁུངས། བོད་ལྗོངས་མཐའ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་སོགས་ལས་ཁུངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་པ་དང་། སློབ་ཚན་ནི་རིགས་གཞུང་སློབ་ཁྲིད་དང་། རྟོག་ཞིབ།  ཞིབ་འཇུག་སྤེལ་རེས་དང་རིག་གནས་མྱོང་ཚོར་སོགས་ཡིན་།  སློབ་ཁྲིད་བྱེད་སྐབས། ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་སློབ་མ་རྣམས་ལ་ཀྲུང་གོའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་དང་། སྲིད་ཇུས་དང་བྱ་ཐབས་།  ལྷག་པར་དུ་ཀྲུང་གོར་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཐོབ་པའི་གྲུབ་འབྲས་དང་དེ་བཞིན་མཐའ་མཚམས་འགྲོ་འོང་གི་ཞབས་ཞུ་དང་དོ་དམ་བརྗོད་དོན་གཙོ་བོར་བྱས་པའི་འབྲེལ་ཡོད་ཆེད་ལས་ཆ་འཕྲིན་ངོ་སྤྲོད་བྱས་ཡོད་ཅེས་བརྗོད་པ་རེད།
    ནེ་པ་ལའི་གནས་སྤོས་ཡུལ་མི་ཅུས་ཀྱི་མཐོ་རིམ་དཔོན་རིགས་ལཱ་ཅི་སི་པན་ཐི་ཡིས་གསར་འགོད་པར། ཉིན་འགའི་སློབ་སྦྱོང་དང་ཞིབ་བསྡུར་བྱས་པ་བརྒྱུད། ནེ་པ་ལ་གནམ་ཐང་གི་གནས་སྤོས་ཡུལ་མིའི་ལས་དོན་མི་སྣའི་ཕྱི་ཆད་ཀྱི་མཐའ་མཚམས་ནས་འགྲོ་འོང་བྱེད་པའི་ཞབས་ཞུ་དང་དོ་དམ་སྒྲུབ་ནུས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་བྱུང་ཡོད་ལ།  ལྷག་པར་དུ་ཁྲིམས་བསྟར་གོ་རིམ་དང་གུས་ལུགས་སོགས་ཐད་རོགས་རམ་ཆེན་པོ་ཐོབ་རྒྱུ་རེད་ཅེས་བརྗོད་པ་རེད།
【1】  【2】
༄༅།།ནེ་པ་ལ་གཞུང་གིས་མངགས་པའི་སློབ་མས་བོད་ལྗོངས་སུ་མཐའ་མཚམས་ནས་འགྲོ་འོང་གི་
ཞབས་ཞུ་དང་དོ་དམ་གྱི་སློབ་སྦྱོང་སྤེལ་རེས་བྱས་པ།