འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་2ཉིན།

༄༅༎གཟའ་འཁོར་གཅིག་གི་རྒྱལ་སྤྱིའི་གསར་འགྱུར།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་02ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

དྲིན་ཚོར་དུས་ཆེན་གྱི་ཁྲོམ་སྐོར་ཆེ་མོ།
དྲིན་ཚོར་དུས་ཆེན་གྱི་ཁྲོམ་སྐོར་ཆེ་མོ།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་28ཉིན་ཨ་རིའི་ཉིའུ་གཡོད་དུ་གཉེར་བའི་དྲིན་ཚོར་དུས་ཆེན་གྱི་ཁྲོམ་སྐོར་ཆེ་མོའི་ཐོག“དཔེ་སྒྲོམ་ཐེབ་དབྲང”དབྱིབས་ཀྱི་ལྒང་བུ་མན་ཧ་ཏུན་ཁྲོམ་གཞུང་དུ་བསྐྱོད་བཞིན་པ། ཉིན་དེར་2019ལོའི་མའེ་ཞི་དྲིན་ཚོར་དུས་ཆེན་གྱི་ཁྲོམ་སྐོར་ཆེ་མོ་ཉིའུ་གཡོད་དུ་གཉེར་བ་དང་།  རྣམ་པ་འདྲ་མིན་གྱི་རྩེད་ཆས་ལྒང་བུ་དང་རྒྱན་སྤྲོས་རླངས་འཁོར་རུ་ཁག་མན་ཧ་ཏུན་གྱི་ཐོག་བརྩེགས་ཁང་ཆེན་མདུན་ནས་བསྐྱོད་པས་དམངས་ཚོགས་ཁྲི་བརྒྱ་ཕྲག་གི་ཡིད་དབང་བཀུག་ཡོད་པ་རེད། མའེ་ཞི་དྲིན་ཚོར་དུས་ཆེན་གྱི་ཁྲོམ་སྐོར་ཆེ་མོ་ནི་1924ལོ་ནས་འགོ་བཙུགས་པ་དང་།  དེ་ནི་ཨ་རི་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་དྲིན་ཚོར་དུས་ཆེན་གྱི་ཁྲོམ་སྐོར་ཞིག་རེད།
【1】  【2】  【3】  【4】
རྩིས་སྤྲོད་རྩིས་ལེན།
ཟླ་11ཚེས་29ཉིན་པེར་ཀྲེམ་གྱི་པུ་རུ་སེར་ཡོད་པའི་ཡོ་རོབ་མནའ་འབྲེལ་སྤྱི་ཁྱབ་པུའུ་རུ་ད་ལྟའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁེ(གཡས)དང་གསར་དུ་བདམས་ཐོན་བྱུང་བའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེར་གྱིས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའི་ཐོག་ཕྱག་བཏང་བཞིན་པ། ཉིན་དེར་ད་ལྟའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁེ་དང་གསར་དུ་བདམས་ཐོན་བྱུང་བའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེར་གྱིས་པེར་ཀྲེམ་གྱི་པུ་རུ་སེར་དུ་ཡོད་པའི་ཡོ་རོབ་མནའ་འབྲེལ་སྤྱི་ཁྱབ་པུའུ་རུ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ་རེད།