འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་2ཉིན།

༄༅།།ཕྱི་ཕྱོགས་རོགས་སྐྱོར་གྱི་མཚོན་རྟགས་གསར་པས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་
ཀྱི་འདུ་ཤེས་དེ་བས་ལེགས་པའི་སྒོ་ནས་བརྒྱུད་སྤྲོད་ཐུབ་པ་བསྟན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་02ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་རྒྱལ་སྤྱི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡིས་ཀྲུང་གོ་སྲིད་གཞུང་གི་ཕྱི་ཕྱོགས་རོགས་སྐྱོར་མཚོན་རྟགས་གསར་པ་ཡོངས་བསྒྲགས་བྱས་པ་དང་དེའི་ཐད་རྒྱལ་ཁབ་རྒྱལ་སྤྱི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཐན་ལིན་གྱིས་མཚོན་རྟགས་གསར་པ་སྤྱོད་འགོ་ཚུགས་པའི་དམིགས་ཡུལ་ནི་ཕྱི་ཕྱོགས་རོགས་སྐྱོར་གྱི་མཚོན་རྟགས་སྤྱད་དེ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་དེ་བས་ལེགས་པའི་སྒོ་ནས་དྲིལ་བསྒྲགས་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྒྱུད་སྤྲོད་བྱས་ཏེ་ཀྲུང་གོའི་དབུལ་སྐྱོར་དཀའ་སེལ་གྱི་སྲོལ་རྒྱུན་སྤྱོད་བཟང་དང་སྒོ་དབྱེ་བསྟུན་མཁས་ཀྱི་རྒྱལ་སྤྱིའི་གཟུགས་བརྙན་མཚོན་ཆེད་ཡིན་ཞེས་བརྗོད་པ་རེད།
     ཐན་ལིན་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཀྲུང་གོ་སྲིད་གཞུང་གིས་རྒྱལ་སྤྱི་རིང་ལུགས་དང་མི་ཆོས་རིང་ལུགས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་འོས་འགན་ཧུར་ཐག་བསྒྲུབས་པ་དང་ནུས་པས་ལྕོགས་ཚོད་ཀྱི་ཁྱབ་ཁོངས་སུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་མི་འདོན་པའི་རོགས་སྐྱོར་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་པ་དང་དུས་མཚུངས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཕྱི་ཕྱོགས་རོགས་སྐྱོར་གྱི་འདུ་ཤེས་རིམ་བཞིན་ཆགས་ཡོད་ཅེས་བརྗོད་པ་རེད།
     ཕྱི་ཕྱོགས་རོགས་སྐྱོར་གྱི་མཚོན་རྟགས་གསར་པ་2020ལོའི་ཟླ་1ཚེས་1ཉིན་ནས་དངོས་སུ་སྤྱོད་རྒྱུ་ཡིན་ཞིང་། ཐན་ལིན་གྱིས་2020ལོ་ནི་ཀྲུང་གོས་ཕྱི་ཕྱོགས་ལ་རོགས་སྐྱོར་བྱས་ནས་ལོ་70འཁོར་བའི་ལོ་ཡིན་པ་དང་2020ལོའི་གནམ་ལོ་གསར་ཚེས་ཉིན་ཕྱི་ཕྱོགས་རོགས་སྐྱོར་གྱི་མཚོན་རྟགས་གསར་པ་སྤྱོད་འགོ་འཛུགས་པ་དེར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།