འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་30ཉིན།

༄༅༎ཤིན་ཅང་གི་དགུན་དུས་འགྲེམས་ཚོགས་ཨ་ལེ་ཐེ་རུ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་30ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཤིན་ཅང་གི་དགུན་དུས་འགྲེམས་ཚོགས་ཨ་ལེ་ཐེ་རུ་འགོ་ཚུགས་པ།
     ཟླ་11ཚེས་27ཉིན། ཤིན་ཅང་གི་དགུན་དུས་ཡུལ་སྐོར་ཐོན་ལས་ཉོ་ཚོང་འགྲེམས་ཚོགས་སྐབས་བཅུ་བཞི་པ་ཨ་ལེ་ཐེ་རུ་འགོ་ཚུགས་པ་དང་། སྐབས་འདིའི་དགུན་དུས་འགྲེམས་ཚོགས་ཀྱིས“ཤིན་ཅང་ནི་ས་ཆ་ཡག་པོ་ཞིག་ཡིན། དར་གོས་ལམ་བུར་ཡུལ་སྐོར་བྱེད། གངས་འཁྱགས་ཁྲོད་ཅི་དགར་རོལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཤིན་ཅང་གི་དགུན་དུས་རིག་གནས་ཡུལ་སྐོར་ཐོན་རྫས་དང་རྣམ་གྲངས་ཉོ་ཚོང་ལས་སྟེགས་བཏོད་དེ་དགུན་དུས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཤིན་ཅང་གི་དགུན་དུས་འགྲེམས་ཚོགས་དེ་2006ལོ་ནས་གཉེར་འགོ་ཚུགས་ནས་ད་བར་སྐབས་བཅུ་གསུམ་བསྟུད་མར་གཉེར་ཅིང་། འདི་ནི་ཤིན་ཅང་ཨ་ལེ་ཐེ་གྲོང་ཁྱེར་གྱི་འཁྱགས་ཤུད་གློད་སར་མི་རྣམས་དགའ་སྤྲོའི་ངང་མཉམ་འཛོམས་བྱེད་པ།