འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་30ཉིན།

༄༅༎མཚོ་སྔོན་ཞིང་ཆེན་གྱིས་ཕྱི་རྒྱལ་དུ་ཁྲོམ་ར་རབ་འབྲིང་གཏོད་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་30ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་ཕྱི་རྒྱལ་དུ་ལས་གྲྭ་འགན་གཙང་ལེན་མཁན་གྱི་ཁེ་ལས་ཏེ་ཀྲུང་གོ་ཆུ་གློག་ཅུས་བཞི་པ་དེ་ཉིད་ཐེན་པོ་ལ་ཕྱོགས་བསྡུས་ཆུ་བེད་ལྟེ་གནས་ལས་གྲྭའི་རྣམ་གྲངས་ཀྱི་ཨར་སྐྲུན་ཕྱོགས་གཙོ་བོ་ཡིན་པའི་ངོས་ནས་ཨ་ཀེན་ཐིན་གྱི་ཁྲོམ་ར་ཐོག་མར་བཏོད་ཅིང་། དེའང་པོ་ལི་ཝེ་ཡའི་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱིས་བཏོད་པའི་མེ་གླིང་ལྷོ་མའི་ཁྲོམ་ར་ཆེ་གྲས་གཉིས་པར་གྱུར་པ་དང་། དེ་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱིས་ཕྱི་རྒྱལ་དུ་འགན་གཙང་བླངས་པའི་ལས་གྲྭའི་འཕེལ་རིམ་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་དང་། རྣམ་གྲངས་ཁག་གཅིག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལྟ་རུང་རང་བཞིན་གྱི་གྲུབ་འབྲས་ལ་གྱུར་ནས་ཕྱི་རྒྱལ་གྱི་ཁྲོམ་ར་རབ་འབྲིང་གཏོད་རྒྱ་ཟམ་མི་ཆད་པར་ཆེ་རུ་སོང་བ་མཚོན་ཡོད།
     ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁྲིད་སྟོན་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། ཆ་འཕྲིན་སྤེལ་རེས་ལས་སྟེགས་གཏོད་པ། རང་ཞིང་ཆེན་གྱི་སྟོབས་ཤུགས་དང་ཆ་རྐྱེན་ལྡན་པའི་ཁེ་ལས་ལ་རྒྱལ་ཁོངས་སྒྲོལ་བའི་གཉེར་སྐྱོང་ནུས་པ་དང་རྒྱལ་སྤྱི་ཅན་གྱི་གཉེར་སྐྱོང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུར་ལྕག་སྐུལ་བྱེད་པ། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་གང་མགྱོགས་ཆགས་པར་བྱེད་པ་བཅས་བྱས་ཏེ། ཁྲོམ་རའི་རྩ་དོན་དང་རྒྱལ་སྤྱིའི་ཀུན་འཕྲོད་སྒྲིག་སྲོལ་གཞིར་བཟུང་ཕྱི་རྒྱལ་དུ་ལས་གྲྭ་འགན་གཙང་བརྟན་པོ་དང་ཧུར་ཐག་ངང་ལེན་གྱི་ཡོད་པ་རེད།
     མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་ཕྱི་རྒྱལ་དུ་འགན་གཙང་བླངས་པའི་ལས་གྲྭའི་ཁྲོམ་ར་དེ་ཉིད་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་ས་ཁོངས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་དང་། མེ་གླིང་ལྷོ་མ། ཡོ་རོབ་བཅས་ཀྱི་ཁྲོམ་རར་རྒྱ་ཆེ་རུ་བཏང་ཞིང་། ལས་སྒོའི་ཁྱབ་རྒྱ་དེ་ཉིད་ཆུ་བེད་ཆུ་གློག་དང་། གློག་དྲ་གློག་གཏོང་། གཞུང་ལམ་ཟམ་པ། ལྕགས་ལམ་འགྲིམ་འགྲུལ། ཁང་པའི་ཨར་སྐྲུན། གྲོང་ཁྱེར་དོ་དམ་ལས་གྲྭ། ཆུའི་ཐོན་ཁུངས། གཏེར་ཁ་རྩད་ཞིབ་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད་པ་རེད།