འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་28ཉིན།

༄༅༎ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་གྲུབ་འབྲས་འགྲེམས་སྟོན་པེ་ཅིང་དུ་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་28ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་འགྲེམས་སྟོན་བྱ་ཡུལ་ཡིན་པ།
འདི་ནི་འགྲེམས་སྟོན་བྱ་ཡུལ་ཡིན་པ།
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀན་སུའུ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་22ཉིན་གྱི་སྔ་དྲོའི་ཆུ་ཚོད་10ཡི་ཐོག་ཚང་མས་རྒྱུས་མངའ་ཆེ་བའི་གླུ་གཞས《གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་ནས་ལྷང་ལྷང་དུ་གྲགས་ཤིང་། དུས་ཡུན་གཟའ་འཁོར་གཅིག་གི“ཚོན་མདངས་རྣམ་པར་བཀྲ་བའི་ཀན་ལྷོ། པེ་ཅིང་ནས་ལྷན་དུ་འཛོམས·རླབས་ཆེ་བའི་མེས་རྒྱལ་ལ་ལེགས་སྐྱེས་འབུལ —— ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་གྲུབ་འབྲས་འགྲེམས་སྟོན”དེ་གར་བྱེད་འགོ་ཚུགས་པ་རེད།
     ཐེངས་འདིའི་གྲུབ་འབྲས་འགྲེམས་སྟོན་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། ཞིང་ཆེན་མི་རིགས་ལས་དོན་ཨུ་ལྷན་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་སོགས་ཚན་པས་གཉེར་འགན་འཁུར་བ་ཞིག་ཡིན་ཞིང་། འགྲེམས་སྟོན་ལ་པར་རིས་དང་། ཡིག་རིགས། གྲངས་གཞི་བསྡུར་བ། བརྙན་ལམ་སོགས་ཀྱི་རྣམ་པ་མང་པོ་ཡོད་པ་དེ་དག་གིས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ཀན་ལྷོ་ཀྲོའུ་ཡི་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་གིས་སེམས་ནུས་གཅིག་སྒྲིལ་གྱིས་གསར་སྤེལ་གསར་གཏོད་བྱས་པའི་འབད་འཐབ་ཀྱི་ཞབས་རྗེས་དག་ཟུར་མང་པོ་དང་ཁྱོན་ཡོངས་ནས་ཟིན་ཐོར་བཀོད་ཡོད་པ་མ་ཟད། ད་དུང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀན་ལྷོ་ཀྲོའུ་ཡི་དབུལ་སྒྲོལ་འགག་སྒྲོལ་དང་། སྣོད་བཅུད་སྲུང་སྐྱོང་། ཁོར་ཡུག་གསར་བརྗེ། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་། སྤྱི་ཚོགས་བཅོས་སྐྱོང་། ཏང་འཛུགས་སྐྱོང་སོགས་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གཙོ་གནད་ཐོག་འགྲེམས་སྟོན་བྱས་ནས། དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་ཡོད་པ་རེད།
     ཕྱོགས་བསྡུས་གྲུབ་འབྲས་འགྲེམས་སྟོན་ནང“ཏང་གི་གཟི་འོད་ཀན་ལྷོར་འཕྲོས”དང་། “འབད་འབུངས་ཡར་ཐོན་བྱས་ནས་འོད་སྟོང་འཕྲོ་བར་བྱེད” “ཀན་ལྷོའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན”སོགས་ལེའུ་10ཚུད་ཡོད་པར། ཡིག་རིས་སྤེལ་མའི་ལམ་ནས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བཙུགས་ནས་ལོ་བཅུ་ཕྲག་ཁ་ཤས་ཕྱིན་རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་མངོན་པ་དང་། རིག་གནས་ཡུལ་སྐོར་འགྲེམས་སྟོན་ནང“མཚོ་བོད་ཀྱི་སྒེའུ་ཁུང་། ཡུལ་སྐོར་གནས་མཆོག·ཚོན་མདངས་རྣམ་པར་བཀྲ་བའི་ཤམ་བྷ་ལ་ཡིས་ཁྱེད་ལ་བསུ་བ་ཞུ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ཡོད་པ་དང་། ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་ནང“སྣོད་བཅུད་ཀན་ལྷོ། ལྗང་མདོག་དར་འཕེལ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ཡོད་པ་རེད། པར་རིས་དང་དངོས་རྫས་འབོར་ཆེན་གྱི་རྨང་གཞིའི་ཐོག “དྲ་སྦྲེལ་+”དང་། DIYམྱོང་རོལ་སོགས་བེད་སྤྱོད་གང་ལེགས་བྱས་ནས། ལྟད་མོ་བ་ཚོས་ཀན་ལྷོའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་ཚུལ་མདོར་བསྡུས་ཤེས་རྟོགས་ཐུབ་པ་དང་། ཀན་ལྷོའི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ས་བཀྲ་དང་ཀན་ལྷོའི་རིག་གནས་ཡུལ་སྐོར་གྱི་གཟུགས་བརྙན་དྲིལ་བསྒྲགས་བརྙན་ལམ་ཡང་བསྟན་པ་རེད།
     གྲུབ་འབྲས་འགྲེམས་སྟོན་བྱེད་རིང་། ཁྱད་ལྡན་ཐོན་རྫས་དང་རིག་གནས་ཡུལ་སྐོར་ཐོན་རྫས་ཁྱོན་200ལྷག་ཙམ་འགྲེམས་སྟོན་བྱས་པ་མ་ཟད། ད་དུང་རྣམ་གྲངས་8ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་18ཀྱིས་ས་གནས་ས་ཐོག་ཏུ་ཐང་ག་བཞེངས་སྟངས་སོགས་ཀྱི་ལག་རྩལ་འགྲེམས་སྟོན་ཡང་བྱས་པ་རེད། དེ་དང་ཆབས་ཅིག ཟླ་11ཚེས་22ནས་ཚེས་28ཉིན་བར། ཉིན་ལྟར་རྫོང་དང་གྲོང་ཁྱེར་ཁག་གི་བརྗོད་དོན་གཙོ་བོའི་ཉིན་མོའི་བྱེད་སྒོ་སྤེལ་ནས། ཁྱད་ལྡན་ལེགས་ལྡན་ཐོན་ལས་དང་ཐོན་ཁུངས་འོས་སྦྱོར་བྱེད་ཀྱི་ཡོད་པ་རེད།