འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་27ཉིན།

༄༅༎ཕྱི་འབྲེལ་པུས་གོ་ལ་ཧྲིལ་པོར་མཚོ་སྔོན་འོས་སྦྱོར་བྱེད་སྒོ་པེ་ཅིང་དུ་སྤེལ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་27ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་26ཉིན། 2019ལོའི“ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་འོས་སྦྱོར་བྱེད་སྒོའི”མཇུག་བསྡུའི་སྐབས། “དུས་རབས་གསར་པའི་ཀྲུང་གོ་སྟེ་མཛེས་སྡུག་ལྡན་པའི་མཚོ་སྔོན་གཙང་གསུམ་ཆུ་འགོ་ནས་འཛམ་གླིང་དུ་བསྐྱོད་པ”བརྗོད་གཞིར་བྱས་པའི་ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་མཚོ་སྔོན་འོས་སྦྱོར་བྱེད་སྒོ་དེ་ཚེས་26ཉིན་གྱི་ཕྱི་དྲོ་ཕྱི་འབྲེལ་པུའི་ཚོམས་ཆེན་སྔོན་པོར་སྤེལ། སྐབས་དེར་མཚོ་སྔོན་གྱིས་འགྲེམ་སྟོན་དང་མཉམ་འགུལ་ཉམས་ལེན་སོགས་བརྒྱུད་རྒྱལ་ཁབ་ཁག་གི་ཕོ་ཉ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། དེ་བཞིན་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་བྱེད་གསར་འགོད་པར་སྣོད་བཅུད་ལྷིང་འཇགས་ཅིང་མཛེས་སྡུག་ལྡན་པའི་མཚོ་སྔོན་དང་། རིག་གནས་ཕུན་སུམ་ཚོགས་པའི་མཚོ་སྔོན། གདེང་ཚོད་ལྡན་ལ་མདུན་དུ་སྐྱོད་པའི་མཚོ་སྔོན་བཅས་འགྲེམས་སྟོན་བྱ་རྒྱུ་རེད། 
     ཕྱི་འབྲེལ་པུའི་ཞིང་ཆེན་དང་། གྲོང་ཁྱེར། ས་ཁུལ་བཅས་ཀྱི་གོ་ལ་ཧྲིལ་པོའི་འོས་སྦྱོར་བྱེད་སྒོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཕྱི་འབྲེལ་གྱིས་རྒྱལ་ནང་གི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་ས་གནས་ཀྱི་ཕྱི་ཕྱོགས་སྒོ་དབྱེར་རོགས་རམ་བྱེད་པའི་རིམ་པ་མཐོ་བའི་གར་སྟེགས་ཤིག་རེད། མཚོ་སྔོན་གྱི་ངོས་ནས་བརྗོད་ན། བྱེད་སྒོ་དེ་ནི་སྤྱི་ཚོགས་ལས་རིགས་ཁག་གིས་མཚོ་སྔོན་ཤེས་རྟོགས་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཡིན་ལ། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ་དང་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་ལས་སྤེལ་རེས་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཡིན་པས། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བྱེད་སྒོ་དེར་ཚད་མཐོའི་མཐོང་ཆེན་བྱས་པ་དང་འབྲེལ་བྱེད་སྒོ་དེ་ད་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་འཇུག་རྒྱུ་རེད། 
     ཟླ་ཤས་རིང་གི་ཞིབ་ཚགས་པོའི་གྲ་སྒྲིག་བརྒྱུད།མཛེས་སྡུག་ལྡན་པའི་མཚོ་སྔོན་གྱིས་གདེང་ཚོད་ཆེན་པོས་གར་སྟེགས་ཀྱི་ལྟེ་བའི་ཕྱོགས་སུ་བསྐྱོད་དེ་རྒྱལ་ཕྱི་ནང་གི་སྐུ་མགྲོན་ལ་མཚོ་སྔོན་གྱི་གཏམ་རྒྱུད་བརྗོད་པ་དང་མཚོ་སྔོན་གྱི་རྣམ་པ་གསར་པ་ངོམ་ཏེ། རྒྱལ་ཁབ་ཁག་གི་གྲོགས་པོ་ཚོས་མཚོ་སྔོན་ལ་སྔར་བས་ཤེས་རྟོགས་བྱ་བ་དང་མཚོ་སྔོན་དུ་བསྐྱོད་དེ་མཚོ་སྔོན་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མཛའ་གྲོགས་དང་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།