འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་27ཉིན།

༄༅༎མི་ལོ་ཉི་ཤུ་རྨ་ཆུ་དལ་གྱིས་རྒྱུག འདམ་ར་མང་ལ་སྣོད་བཅུད་དེ་བས་བཟང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་27ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎མི་ལོ་ཉི་ཤུ་རྨ་ཆུ་དལ་གྱིས་རྒྱུག འདམ་ར་མང་ལ་སྣོད་བཅུད་དེ་བས་བཟང་།
     འདི་ལོའི་ཟླ་8པ་བར་གྱི་ལོ་ཉི་ཤུའི་རིང་རྨ་ཆུའི་བཞུར་རྒྱུན་མ་ཆད་པར་ཟུར་གསུམ་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སླར་གསོ་བྱུང་ཡོད། ཧྲན་ཏུང་ཞིང་ཆེན་ཏུང་དབྱིང་གྲོང་ཁྱེར་གྱི་རྨ་ཆུའི་ཟུར་གསུམ་གླིང་དུ་ཡོད་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྨ་ཆུའི་འདམ་རའི་སྣོད་བཅུད་མ་ལག་གསར་པ་དང་སྟོངས་ལ་ཉེ་བའི་རྩ་ཆེའི་འདབ་ཆགས་སྲུང་སྐྱོང་བྱ་རྒྱུ་གཙོ་བོར་བྱེད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི་15.3ཡོད་པ་དེ་ནི་རང་རྒྱལ་གྱི་དྲོ་འཇམ་ས་རྒྱུད་དུ་ཉར་ཚགས་ལེགས་ཤོས་དང་རྒྱ་ཆེ་ཤོས་ཀྱི་འདམ་རའི་སྣོད་བཅུད་མ་ལག་ཅིག་རེད། སྟོངས་ལ་ཉེ་བའི་རྩ་ཆེའི་འདབ་ཆགས་ལོ་རེ་བཞིན་མང་དུ་འགྲོ་བ་དང་བསྟུན་ནས་གནས་དེ་ཨེ་ཤེ་ཡ་བྱང་ཤར་གྱི་སྐམ་ས་དང་ནུབ་ཞི་བདེ་རྒྱ་མཚོ་ཆེན་པོ་བསྐོར་བའི་འདབ་ཆགས་གནས་སྤོ་བྱེད་སའི་བར་བརྒྱུད་གནས་དང་། དགུན་སྒྲོལ་བྱ་ཡུལ། སྐྱེ་འཕེལ་གནས་བཅས་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་དབང་གིས“འདབ་ཆགས་ཀྱི་རྒྱལ་སྤྱིའི་གནམ་ཐང”ཞེས་བརྗོད་ཀྱི་ཡོད།
     འདི་ནི་རྨ་ཆུའི་འདབ་ཆགས་ཚན་རིག་ཁྱབ་གདལ་གླིང་དང་རྩ་ཆེའི་འདབ་ཆགས་རོགས་སྐྱོབ་ས་ཚིགས་ཡིན་པ།